གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་ཞུའི་གསོལ་རས་མེད་པའི་སེམས་ཕམ།

༡༩/༧/༢༠༡༢   ༉ ཐིམ་ཕུ་ ཆུ་བར་ཆུ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སྦྱོང་བརྡར་བ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ ཐོབ་ཐངས་གཞན་གྱི་ཐད་ལུ་ ཞི་གཡོགཔ་ཚུ་དང་ ཅོག་འཐདཔ་སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ དགོངས་ཞུ་འབད་བའི་སྐབས་ དགོངས་ཞུའི་གསོལ་རས་ མི་ཐོབ་པས་ཟེར་ཨིན་པས།
རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སྦྱོང་བརྡར་བ་ཚུ་གིས་ ཚེས་བཅུའི་སྐབས་ལུ་ཞབས་ཁྲ་རྐྱབ་པའི་བསྒང་།


སློབ་སྦྱོང་པ་ཚུ་གིས་ སླབ་མིའི་ནང་ ཁོང་གི་ ཟླ་རིམ་དངུལ་ཕོགས་དང་ ཐོབ་ཐངས་གཞན་ཚུ་ ཞི་གཡོགཔ་ཚུ་བཟུམ་སྦེ་ར་ རང་སོའི་ སྡེ་རིམ་དང་འཁྲིལ་ཏེ་ ཐོབ་དོ་ཡོདཔ་ཨིན་རུང་ དགོངས་ཞུའི་གསོལ་རས་ མ་ཐོབ་ནི་དེ་གིས་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
ལོ་ངོ་༣ པའི་ནང་ སྦྱོང་བརྡར་འབད་མི་ཅིག་གིས་ སླབ་མིའི་ནང་ སློབ་སྦྱོང་སྤེལ་ཁང་ནང་ སློབ་སྦྱོང་འབད་ནི་དེ་ སྤྲོ་སྣང་ཡོདཔ་ལས་ དགོངས་ཞུའི་གསོལ་རས་ འཐོབ་ནི་ཡོདཔ་བཟོ་བ་ཅིན་ སེམས་དགའ་ནི་མས་ཟེར་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་དབུ་འཛིན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ སྦྱོང་བརྡར་བ་ཚུ་ལུ་ ཞི་གཡོགཔ་ཚུ་དང་ གཅིག་མཚུངས་སྦེ་ དགོངས་ཞུའི་གསོལ་རས་དེ་ འཐོབ་དགོཔ་ངེས་ལྡན་ཅིག་ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ ཧེ་མ་ སྦྱོང་བརྡར་སྤེལ་ཁང་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ལམ་སྲོལ་དང་སྲོལ་འཛིན་ལས་ཁུངས་ཀྱི་འོག་ལུ་སྡོདཔ་ད་ སྤྱི་ལོ་༡༩༧༧ དོན་གྲངས་ལུ་ དམིགས་བསལ་གྱི་ ལྷན་འཛིན་འོག་ལུ་ སྡོད་ནི་དེ་གིས་ ཤུལ་ལས་ དངུལ་ཕོགས་ཡར་སེང་འབདཝ་ད་ ལུས་སོ་ནུག་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ སྦྱོང་བརྡར་བ་ མང་ཤོས་ར་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་འགྱོ་མི་ གནད་དོན་ཅིག་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགོངས་ཞུའི་གསོལ་རས་དེ་ ངེས་པར་དུ་དགོཔ་ལས་ ད་རེས་ནངས་པ་ ནང་སྲིད་ལྷན་ཁག་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་བསྒང་ཡོད་ཟེར་ཨིན་པས།
ད་ལྟོ་ སློབ་སྦྱོང་སྤེལ་ཁང་ནང་ སློབ་སྦྱོང་འབད་མི་ བུམོ་དང་བུཚ་ བསྡོམས་༤༨ དེ་ཅིག་ ཡོདཔ་ཨིན་པས།
སྦྱོང་བརྡར་བ་ཚུ་གིས་ ལོ་ངོ་དང་པ་ལས་༤ པ་ཚུན་གྱི་ རང་ལུགས་ཞབས་ཁྲ་དང་ སྙན་ཆ་ དེ་ལས་ འཆམ་གྱི་ ཆོས་ཚན་ཚུ་ནང་ ལོ་བསྟར་གྱི་ ཆོས་རྒྱུགས་མཐར་འཁྱོལ་དགོཔ་ད་ དེ་ལས་ ལོ་ངོ་༥ པ་ལས་ སྒྱུ་རྩལ་མཁནམ་སྦེ་ ངོས་འཛིན་འབད་ཝ་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་ ཉལ་ཁྱིམ་ནང་ སྡོད་ནིའི་དོན་ལུ་ བུམོ་ཚུ་ལུ་འབད་བ་ཅིན་ མཐོ་ཤོས་སྐྱེས་ལོ་༣༥ དང་ ཕོ་སྐྱེས་ཚུ་འབད་བ་ཅིན་ སྐྱེས་ལོ་༤༥ ཚུན་ སྡོད་ཆོགཔ་ཨིན་པས།

དེ་བཟུམ་སྦེ་ སློབ་སྦྱོང་སྤེལ་ཁང་ནང་སྡོད་པའི་རིང་ ཨམ་སྲུ་ཚུ་ ཨ་ལུ་སྐྱེ་མ་ཆོགཔ་ཨིནམ་ད་ གལ་སྲིད་ ཨ་ལུ་སྐྱེ་བ་ཅིན་ དགོངས་ཞུ་འབད་དགོཔ་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment