གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེན་སྲུང་ལྡན་པའི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་དགོ་པའི་ཉེན་བརྡ།

ཁྲིམས་སྲུང་འགག་པའི་ སྡོད་ཁྱིམ་ས་ཁོངས་ནང་ ཆུ་རུད་ཐོན་པའི་མཐོང་སྣང་།
༡༧/༧/༢༠༡༢   ༉ དགེ་ལེགས་ཕུག་ ས་མཚམས་སྒོ་རའི་ ཉེ་འདབས་ལུ་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ སྒྲིང་ཁྱིམ་ཚུ་ནང་སྡོད་མི་ བཟའ་ཚང་༡༥ ས་མཚམས་སྒོ་ར་ལས་ མི་ཊར་༥༠ གི་ས་ཁར་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གི་སྦོ་ལོགས་ཁར་ སྤོ་བཤུད་འབད་ཡོདཔ་ཨིན་པས།


ཆུ་རུད་ཀྱིས་ བཟའ་ཚང་ཚུ་སྡོད་སའི་ སྒྲིང་ཁྱིམ་ཚུ་གི་ སྒོ་སྒྲིག་ཚུན་ ལྷོད་མི་ལུ་བརྟེན་ བདུན་ཕྲག་ཧེ་མའི་ནང་ སྤོ་བཤུད་འབད་བཅུག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་དང་ འོང་འབབ་དང་ཅ་དམ་ཡིག་ཚང་ ནགས་ཚལ་ཡིག་ཚང་ ཁྲིམས་སྲུང་འགག་པའི་ཡིག་ཚང་ དེ་ལས་ ས་གཏེར་ཡིག་ཚང་ཚུ་ནང་ ཆུ་འཛུལ་ཏེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡིག་ཚང་ནང་ལས་ རག་རོག་ཚུ་ བཏོན་བཀོ་ནིའི་དོན་ལུ་ ལས་མི་དག་པ་ཅིག་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཡིག་ཚང་གི་ མཐའ་འཁོར་ལུ་ ཆུ་གིས་གང་ཡོདཔ་མ་ཚད་ ཡིག་ཚང་ནང་ བྱེམ་གྱིས་ཁྱབ་སྟེ་ཡོདཔ་ལས་ ག་དེམ་ཅིག་ འཕྱགས་བཀོག་རུང་ རང་འཇགས་འཛུལཝ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཡིག་ཚང་ནང་ཡོད་མི་ ཤིང་གི་རྐང་ཁྲི་དང་ འབྲི་ཁྲི་ཚུ་ ཆ་མཉམ་ར་ ཆུ་གིས་སྦང་ཡོདཔ་ཨིན་རུང་ ཡིག་ཆ་ཚུ་ མེདཔ་མ་ཐལ་བར་བདག་འཛིན་འཐབ་སྟེ་ ཡོད་ཟེར་ཨིན་པས།
ཆུ་རུད་ཀྱིས་ ལམ་བདའ་སྟེ་ འཕྱགས་འབག་འོང་མི་ ས་དང་ རྡོ་ཚུ་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ དཔལ་རི་ཐང་ལུ་ འགྲོ་འགྲུལ་འབད་ནི་དེ་ བཀག་ཆ་འབད་ཡོདཔ་ཨིན་རུང་ ཆརཔ་ཆད་པའི་སྐབས་ སྣུམ་འཁོར་སྦོམ་ཚུ་ ཐལ་དོ་ཡོདཔ་ཨིན་པས།
སེ་ཐི་ཁའི་གཙང་ཆུ་ བྲེས་མི་ལུ་བརྟེན་ ས་གནས་ཀྱི་ གུང་པ་༡༢ ཀྱིས་ བྱེམ་ནང་ ཆུ་སིམ་བཅུག་ནིའི་དོན་ལུ་ ཁྱིམ་གྱི་སྦོ་ལོགས་ཁ་ལས་ ས་དོང་ཚུ་ རྐོ་དོ་ཡོདཔ་ཨིན་པས།
ལོ་ད་རའེ་གི་ རྒཔོ་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་ཨ་རྟག་ར་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་དོ་ཡོདཔ་ཨིན་རུང་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་སྡོད་མི་ མི་སེར་ཚུའི་དོན་ལུ་ ཐབས་ཤེས་ག་ཅི་བཏོནམ་དྲག་ག་ ད་ལྟོ་ ཐག་མ་བཅད་པར་ ཡོད་ཟེར་ཨིན་པས།
ཨིན་རུང་ ཉེན་སྲུང་ལྡན་པའི་ ས་ཁོངས་ཚུ་ནང་སྡོད་མི་ རང་སོའི་ སྤུན་ཆ་དང་ ཆ་རོགས་ཚུ་གི་ཁྱིམ་ནང་ སྤོ་བཤུད་འབད་སྡོད་དགོ་པའི་སྐོར་ལས་ ཉེན་བརྡ་བྱིན་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment