གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལྟོའི་ སྲིད་ཚོགས་༢ ཀྱིས་ བཙག་འཐུ་ལྷན་ཚོགས་ལུ་ རང་སོའི་ གནས་སྟངས་སྙན་ཞུ་ཕུལ་ཡོདཔ།

༡༧/༧/༢༠༡༢   སྤྱི་ཚོགས་༢ པའི་བཙག་འཐུ་ནང་ ད་ལྟོའི་ སྲིད་ཚོགས་༢ ཆ་ར་གིས་ བཅའ་མར་གཏོགས་ཆོག་པའི་འོས་འབབ་དེ་ ཁོང་ར་གིས་ཕུལ་མི་སྙན་ཞུ་དང་ རྩིས་ཞིབ་དབང་འཛིན་གྱི་སྙན་ཞུ་ལུ་ རག་ལས་ནི་ཨིན་པས།

༉ ཁ་ཙ་ འབྲུག་གི་ སྲིད་དོན་ཚོགས་པ་༢ ཀྱིས་ བཙག་འཐུ་ལྷན་ཚོགས་ལུ་ ཚོགས་པའི་གནས་སྟངས་སྙན་ཞུ་ ཕུལ་ནིའི་ཚེས་གྲངས་མཇུག་ལུ་ ཚོགས་པའི་ངོ་ཚབ་ཚུ་གིས་ རང་སོའི་ སྙན་ཞུ་ཚུ་ཕུལ་ཡི།
སྲིད་ཚོགས་༢ ཆ་ར་གིས་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་གྱི་ ཚོགས་པ་རང་སོའི་ འོང་འབབ་དང་ ཟད་འགྲོ་ རྒྱུ་དངོས་ འཐུས་མིའི་གྱངས་ཁ་ ཚོགས་པའི་ཡིག་ཚང་ དེ་ལས་ ཡིག་ཚང་གི་ལས་བྱེདཔ་ཚུའི་ གནས་སྟངས་སྙན་ཞུ་ཚུ་ ཁ་གསལ་བཀོད་ཡོད་པའི་ ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།



བཙག་འཐུ་ལྷན་ཚོགས་ཀྱི་ལྷན་འཛིན་ བདེ་སྐྱིད་པདྨ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ཡིག་ཆ་ཚུ་ དབྱེ་ཞིབ་མཐིལ་ཕྱིན་འབད་ཞིནམ་ལས་ ཚོགས་པ་༢ ལུ་ ཉོགས་འཛིང་ཡོད་མེད་ཀྱི་ གྲོས་ཆོད་ཅིག་ བཏོན་འོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འགོ་ཐོག་ལུ་ སྤྱི་ཟླ་༦ པའི་ཚེས་༣༠ གི་ནང་འཁོད་ལུ་ ཚོགས་པའི་གནས་སྟངས་སྙན་ཞུ་ ཕུལ་དགོཔ་ཨིན་རུང་ གྲ་སྒྲིག་མ་འགྱོཝ་ལས་བརྟེན་ བསྣར་འགྱངས་འབད་དེ་ ཚོགས་པ་ཚུ་གིས་ རང་སོའི་ དངུལ་འབྲེལ་བུ་ལོན་ཚུ་ བསལ་ཐོག་ལས་ སྤྱི་ཟླ་༧ པའི་ཚེས་༡༦ ནང་འཁོད་ལུ་ ལྷན་ཚོགས་ནང་ གནས་སྟངས་སྙན་ཞུ་ ལྷོད་དགོཔ་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
ཚོགས་པ་༢ ཀྱིས་ཕུལ་མི་ ཚོགས་པའི་གནས་སྟངས་སྙན་ཞུའི་ ཡིག་ཆ་ཚུ་ ལྷན་ཚོགས་ཀྱི་ མི་མང་བཙག་འཐུ་མ་དངུལ་སྡེ་ཚན་གྱིས་ བསྐྱར་ཞིབ་འབད་ནི་ཨིན་རུང་ བསྐྱར་ཞིབ་མཐིལ་ཕྱིན་འབད་ནིའི་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་ཡོད་པའི་ སྙན་ཞུ་ལུ་ བསྒུག་ནི་ཨིན་ཟེར་ཨིན་པས།
དེ་ལས་ སྲིད་ཚོགས་༢ ཆ་ར་ ཤུལ་མའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་པའི་ འོས་འབབ་ཡོད་མེད་ཀྱི་ གྲོས་ཆོད་མ་བཏོན་པའི་ཧེ་མར་ སྙན་ཞུ་དེ་ ལྷན་ཚོགས་ཀྱི་སྡེ་ཚན་གྱིས་ ད་རུང་ ཚར་གཅིག་ བསྐྱར་ཞིབ་འབད་ནི་ཟེར་ཨིན་པས།
སྲིད་ཚོགས་ཚུ་གི་ གནས་སྟངས་སྙན་ཞུའི་ནང་ ཉོགས་མེད་དྭངས་གསལ་འཐོན་པ་ཅིན་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྲིད་ཚོགས་༢ ཆ་ར་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འགྲུབ་ཨིནམ་ལས་ ཐོ་བཀོད་ཀྱི་བྱ་རིམ་ འགོ་འདྲེན་འཐབ་མ་དགོ་པར་ སྤྱི་ཚོགས་གཉིས་པའི་ བཙག་འཐུ་འགོ་འདྲེན་གྱི་ གསལ་བསྒྲགས་འབད་བའི་ཤུལ་ལུ་ བཙག་འཐུ་ནང་བཅའ་མར་གཏོགས་ནི་གི་ དང་འདོད་གསལ་བཀོད་ཀྱི་ ཞུ་ཡིག་ཅིག་ ལྷན་ཚོགས་ལུ་ ཚོགས་པ་༢ ཀྱིས་ ཕུལ་དགོཔ་ཨིན་པས།
ལྷན་འཛིན་པདྨ་བདེ་སྐྱིད་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་༢ ཆ་རའི་ གནས་སྟངས་ནང་ ཉོགས་མེད་དྭངས་གསལ་ཡོད་མེད་ཀྱི་ ཐག་བཅད་ཞིནམ་ལས་ ཚོགས་པ་ཁོང་ར་གིས་ ཕུལ་མི་སྙན་ཞུ་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་ལུ་ གཞི་བཞག་སྟེ་ ལག་ལེན་འཐབ་ནི་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment