གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲུང་ཁག་གིས་ ཁྱིམ་༢ ད་རིས་ བརྡལ་བཤིག་གཏང་ནི།

ཡུན་རིང་གི་ རྩོད་རྙོགས་དེ་ དཀའ་ཐུབ་ཅན་དང་ སེམས་ན་ཟུག་དང་བཅསཔ་སྦེ་ མཇུག་བསྡུ་ནི་ཨིན་མས།
ཚེ་རིང་དབང་འདུས་ཀྱི་ཁྲམ་དང་ གུང་ཨང་ཚུ་ ཁོ་རའི་ཁྱིམ་གྱི་གྱང་གུ་ གསལ་སྟོན་སྦེ་ བཞག་པའི་མཐོང་སྣང་།
 ༣༠/༦/༢༠༡༢། ༉ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་ཆོས་གླིང་ལུ་ ཁྱིམ་གྱི་ཇོ་བདག་༢ ཀྱིས་ ཁོང་གི་ཁྱིམ་རྐྱབ་མི་ཚུ་ རང་དབང་གི་ཁྲམ་ནང་དང་ ཡང་ཅིན་ གཞུང་ས་ནང་ ཚུད་མ་ཚུད་ཀྱི་ དབྱེ་དཔྱད་གནང་དགོ་པའི་ གསོལ་ཞུ་ནན་བསྐྱར་འབད་རུང་ དྲུང་ཁག་བདག་སྐྱོང་གིས་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ ད་རིས་ཉིན་མར་ ཁྱིམ་༢ བརྡལ་བཤིག་གཏང་ནི་ཨིན་པས།
གཞུང་གི་ས་ཆ་དང་ འཁོར་ལམ་གྱི་ ཟུར་ཁ་ལས་ ཕིཊ་༥༠ འི་ནང་འཁོད་ལུ་རྐྱབ་མི་ ཚུལ་མིན་གྱི་ ཁྱིམ་བརྡལ་བཤུབ་མ་བཏང་པར་ལུས་མི་༢ བརྡར་བཤིག་གཏང་དགོཔ་སྦེ་ ང་གིས་ ཚོགས་ཆུང་ལུ་ ཡིག་ཚང་བཀའ་རྒྱ་ཅིག་ བཏོན་ཡི་ཟེར་ དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་ཨིན་པས།
ང་བཅས་ཀྱིས་ འདི་བཟུམ་མའི་ དང་ལེན་དམ་སྒྲིང་འབད་མི་དེ་ ཁྲིམས་ཀྱི་བཀའ་རྒྱ་དང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ བཀོད་བྱ་དང་འཁྲིལ་ཨིན་ཟེར་ དྲུང་པ་གིས་ སླབ་ཨིན་པས།


མ་གཞི་ ཁེ་རྒུད་མ་བཏུབ་མི་ ཁྱིམ་གྱི་ཇོ་བདག་༢ ཀྱིས་ ཁོང་གི་ཁྱིམ་ འཁོར་ལམ་གྱི་ཕིཊ་༥༠ འི་ ནང་འཁོད་ཚུད་ཡོད་པའི་ ཁ་བཟེད་ཡོད་རུང་ འབྲེལ་ཡོད་ལས་སྡེ་ དཔེར་ན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ ལམ་སེལ་ལས་ཁུངས་ཚུ་དང་གཅིག་ཁར་ ཁོང་གི་ཁྱིམ་ཚུ་ གཞུང་ས་ནང་ ཚུད་མ་ཚུད་ བདེན་དཔྱད་མ་འབད་ཟེར་ སླབ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གསར་སྤང་རྫོང་ཁག་བདག་སྐྱོང་ལུ་ ཁྱིམ་ཚུ་ རང་དབང་ཁྲམ་དང་ ཡང་ཅིན་ གཞུང་ས་ནང་རྐྱབ་ཡོདཔ་ ངེས་བདེན་ཨིན་མིན་ ས་ཁོངས་ནང་ དབྱེ་ཞིབ་ཅིག་ འབད་དགོ་པའི་ ཡི་གུ་ཅིག་ བསྐྱལ་བཏང་ཡོད་རུང་ དྲུང་པ་པདྨ་དབང་འདུས་ཀྱིས་འབད་བ་ཅིན་ རྩོད་རྙོགས་དེ་ ཁྲིམས་འདུན་ཚུ་ནང་ལས་ རིམ་པ་བཞིན་དུ་ དབྱེ་དཔྱད་ཐོག་ འཁྲུན་ཆོད་ཚུ་ བཏོན་ཚར་ཡོདཔ་ལས་ ས་ཆ་ལྷན་ཚོགས་ཀྱི་ ཡི་གུ་དང་འཁྲིལ་དགོཔ་མེད་ཟེར་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ ཁྱིམ་༢ ཀྱི་ གློག་མེའི་མཐུན་རྐྱེན་ཚུ་ བཏོག་བཏང་ཡོདཔ་མ་ཚད་ ཁྱིམ་བརྡལ་གཏང་དགོ་པའི་ ཞག་དུས་བདུན་ཕྲག་༡ བྱིན་པའི་ཤུལ་ལས་ ཁེ་རྒུད་མ་བཏུབ་མི་ཚུ་གིས་ ཁོང་གི་ཁྱིམ་ཚུ་ རང་དབང་ཁྲམ་ནང་ རྐྱབ་ཡོདཔ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཅིག་ མཛད་གནང་ཟེར་ ཞུ་མི་དང་བསྟུན་ རྫོང་ཁག་བདག་སྐྱོང་ལུ་ ཡི་གུ་བསྐྱལ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ཡི་གུའི་ནང་ རྒཔོ་བགྲེསཔ་ཚེ་རིང་དབང་འདུས་དང་ ཁྱི་ན་མ་ཡ་གུ་རུང་༢ ཀྱིས་ ཁོང་གི་ཁྱིམ་ཚུ་ ཁོང་རའི་རང་དབང་ཅན་གྱི་ ས་ཆའི་ནང་ སྔོན་དང་ཕུ་ལས་ར་ རྐྱབ་ཡོདཔ་སྦེ་ གསལ་ཞུ་འབད་ཡོདཔ་བཞིན་དུ་ ལམ་གྱི་བཅའ་ཁྲིམས་མ་ཐོན་པའི་ སྔ་གོང་ལས་ གནང་བ་ཞུ་སྟེ་རྐྱབ་མི་ ཁྱིམ་ཨིན་པ་ཅིན་ ཁྱིམ་གྱི་རྒུད་འཐུས་ཐོབ་ལམ་གྱི་ འོས་འབབ་ཡོད་རུང་ དེ་སྐོར་ རྫོང་ཁག་ལས་ དབྱེ་ཞིབ་མཐིལ་ཕྱིན་ཐོག་ ཁྲིམས་མཐུན་དང་ལེན་མཛད་དགོཔ་སྦེ་ གསལ་བཀོད་འབད་ནུག།
ང་བཅས་ཀྱིས་ གཞུང་ལུ་ ཞུ་བ་ཕུལ་མི་དེ་ ཁྱིམ་བརྡལ་བཤིག་གཏང་མ་གནང་ཟེར་མིན་པར་ རང་གི་རང་དབང་ཡོད་པའི་ ས་ཁྲམ་ནང་ རྐྱབ་ཡོདཔ་ལས་ འོས་ལྡན་གྱི་ རྒུད་འཐུས་ཅིག་ གནང་དགོཔ་སྦེ་ ཞུཝ་ཨིན་ཟེར་ ཐོག་ཚད་༢ འབད་མི་ རྩི་སའི་སྒྲིང་ཁྱིམ་གྱི་ཇོ་བདག་ སྐྱེས་ལོ་༦༠ ལང་མི་ རྒཔོ་བགྲེསཔ་ཚེ་རིང་དབང་འདུས་ཀྱིས་ བཤད་ཡོདཔ་ད་ ངེ་གི་བཟའ་ཚང་འཐུས་མི་༨ ཡོད་མི་ཆ་མཉམ་ར་ ཕྱི་ཁར་མ་ཐོན་པར་ ནང་ན་ར་སྡོད་དེ་ དྲུང་ཁག་བདག་སྐྱོང་གིས་ ང་བཅས་ཡང་ ཁྱིམ་དང་སྦྲགས་བརྡལ་བཤིག་གཏང་བཅུག་ནི་སྦེ་ ཐག་བཅད་ཅི་ཟེར་ ཁོ་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གི་ རྩི་སའི་སྒྲིང་ཁྱིམ་ཐོག་ཚད་༢ འབད་མི་དེ་ སྤྱི་ལོ་༡༩༨༤ ལུ་ ཁོ་རའི་བཟའ་ཚང་གི་ རང་དབང་ས་ཆ་ཨེ་ཀར་༢.༠༦ ནང་ རྐྱབ་ཅི་ཟེར་ཨིནམ་ད་ ད་ལྟོའི་ཁྱིམ་དེ་ ཧེ་མ་ སུ་རད་ཟེར་སླབ་མི་ ཁྲོམ་གྱི་འོག་ལུ་ རྐྱབ་སྟེ་ཡོདཔ་ཨིན་པས།
དེ་འབདཝ་ད་ གསར་སྤང་རྫོང་ཁག་བདག་སྐྱོང་གི་ སྙན་ཞུའི་ནང་ ཚེ་རིང་དབང་འདུས་ཀྱིས་ སྤྱི་ལོ་༡༩༨༤ ལུ་ རྐྱབ་མི་དེ་ སྤྱི་ལོ་༡༩༨༣ ཟླཝ་༡༡ པའི་ཚེས་༨ ལུ་ ནང་སྲིད་ལྷན་ཁག་གིས་ འཁོར་ལམ་གྱི་ གཡས་གཡོན་ལས་ ཕིཊ་༡༠༠ གི་ནང་འཁོད་ལུ་ ཁྱིམ་རྐྱབ་མ་ཆོགཔ་སྦེ་ བཀའ་རྒྱ་བཏོན་མི་ལས་ འགལ་ཡོདཔ་ལས་ བཟོ་སྐྲུན་མཚམས་འཇོག་འབད་དགོཔ་སྦེ་སླབ་རུང་ ཉན་མ་བཏུབ་མི་ལུ་བརྟེན་ སྤྱི་ལོ་༡༩༨༧ ལུ་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་ཡོདཔ་སྦེ་བཀོད་ནུག།
སྤྱི་ལོ་༡༩༨༨ ཟླཝ་༣ པའི་ཚེས་༢༢ ལུ་ ཚེ་རིང་དབང་འདུས་ཀྱིས་ ཁྲིམས་ལུགས་ལུ་ གནས་ནི་ཨིན་ཟེར་ རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གན་རྒྱ་ཅིག་ བཟོ་ཡོད་རུང་ སྤྱི་ལོ་༡༩༩༢ ལུ་ ད་རུང་ གནང་བ་མེད་པར་ ཁྱིམ་ཅིག་རྐྱབ་ཡོདཔ་ཨིན་པས།
ད་རིས་ བརྡལ་བཤིག་གཏང་ནི་ཨིན་མི་ ཁྱིམ་གཞན་གྱི་ ཇོ་བདག་ཁྱི་ན་མ་ཡ་གུ་རུང་གིས་འབད་བ་ཅིན་ མོ་གི་ཁྱིམ་དེ་ སྤྱི་ལོ་༡༩༧༤ ལུ་ རང་དབང་ས་ཆའི་ནང་ རྐྱབ་ཅི་ཟེར་ཨིན་རུང་ འཁྲུན་ཆོད་དང་འཁྲིལཝ་ད་ མོ་གི་ཁྱིམ་ཡང་ ཚུལ་མིན་གྱི་སྒོ་ལས་ རྐྱབ་ཡོདཔ་མ་ཚད་ གཞུང་ས་ནང་ ཆ་ཤས་ཅིག་ཚུད་ཡོདཔ་ལས་ ཁྱིམ་གཞན་༢༠ དང་གཅིག་ཁར་ བརྡལ་བཤུབ་གཏང་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ཨིན་པས།
སུ་རེད་ཁྲོམ་ལམ་བདའ་སྟེ་ ཁྱིམ་༢༡ བརྡལ་དགོ་པའི་ བཀའ་རྒྱ་དེ་ཡང་ སྤྱི་ལོ་༢༠༠༣ ལུ་ རྫོང་ཁག་བདག་སྐྱོང་གིས་ ལམ་གྱི་ཐོབ་དབང་ནང་རྐྱབ་མི་ ཀའུ་ཤི་ལའི་ཁྱིམ་ཐོག་ཚད་༢ འབད་མི་དེ་ རྒུད་འཐུས་ག་ནི་ཡང་ མ་ཐོབ་སྦེ་ བརྡལ་བཏང་མི་ལུ་བརྟེན་ མོ་གིས་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྫོང་ཁག་བདག་སྐྱོང་དང་ རྩོད་གཞི་ཕྱེ་ཡོདཔ་ཨིན་པས།
དེ་བསྒང་ ཀའུ་ཤི་ལ་གིས་ མོ་གི་ཁྱིམ་བཟུམ་སྦེ་ གནང་བ་མེད་པར་ རྐྱབ་མི་དང་ ལ་ལུ་གིས་ གཞུང་ས་ནང་རྐྱབ་མི་ ཁྱིམ་བསྡོམས་༢༡ ཡོད་ཟེར་ ཞུ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༠༦ ཟླཝ་༡༠ པའི་ཚེས་༩ ལུ་ ཁྱིམ་༢༡ ག་ར་བརྡལ་དགོ་པའི་ འཁྲུན་ཆོད་བཏོན་ནུག།
དེ་འབདཝ་ད་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཀའུ་ཤི་ལ་གིས་ གསར་སྤང་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ སྤྱི་ལོ་༢༠༠༨ ཟླཝ་༤ པའི་ཚེས་༡ ལུ་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ གཞི་འཛིན་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༩ ཟླཝ་༤ པའི་ཚེས་༢༣ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ བསྒྱུར་བཅོས་མེདཔ་སྦེ་ གྲོས་ཆོད་བཏོན་པའི་ཤུལ་ལུ་ ཁྱིམ་༢༡ ཆ་མཉམ་ བརྡལ་དགོ་པའི་བཀའ་རྒྱ་གནང་ནུག།
དྲུང་ཁག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་གཞན་༡༩ གིས་ ཁྲིམས་འདུན་གྱི་ གྲོས་ཆོད་དང་འཁྲིལ་ སྤྱི་ལོ་༢༠༡༡ ཟླཝ་༥ པའི་ནང་ ཁྱིམ་ཚུ་བརྡལ་ཡོདཔ་ལས་ ཚེ་རིང་དབང་འདུས་དང་ ཁྱི་ན་མ་ཡ་གི་ ཁྱིམ་༢ རྐྱངམ་གཅིག་ བཤུབ་མ་བཏུབ་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་གཉིས་ཆ་ར་གིས་ སླབ་མིའི་ནང་ ཁོང་གི་ཁྱིམ་དེ་ ཁོང་རའི་ས་ཆ་ནང་ རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༤ ལུ་ ལམ་གྱི་བཅའ་ཁྲིམས་ཆ་འཇོག་མ་གྲུབ་པའི་ཧེ་མར་ རྐྱབ་རྐྱབ་ཨིནམ་ལས་ རྒུད་འཐུས་ཐོབ་བརྗོད་བཀོད་ནི་གི་ ཁྲིམས་མཐུན་རང་དབང་ཡོད་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment