གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་ རིག་རྩལ་མེད་པའི་གྲོས་འཆར།


 ལས་གཡོག་བློན་པོ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ 
གོ་སྐབས་ཡོད་ལུགས་ཀྱི་ གསལ་ཞུ་འབད་བའི་བསྒང་།

༤/༧/༢༠༡༢། ༉  ལས་གཡོག་ལྷན་ཁག་གིས་ ན་གཞོན་དང་འབྲེལ་བའི་ ལཱ་གཡོག་བྱིན་ནི་དང་ སློབ་ཕྲུག་ལ་ལུ་ཅིག་གིས་ གཡོག་ཡོད་རུང་ འདི་ལུ་མ་དགའ་མི་ ལ་ལུ་ཉམས་མྱོང་མེད་པར་ གཡོག་མ་ཐོབ་མི་ ལ་ལུ་གཡོག་བྱིན་མི་དེ་གིས་ མཁོ་མངགས་དང་འཁྲིལ་བའི་ རིག་རྩལ་མ་ལྡན་མི་ཚུ་གི་དོན་ལུ་ དཀའ་ངལ་བསལ་ཐབས་ཀྱི་ཐབས་ལམ་ལུ་ ལས་གཡོག་ལྷན་ཁག་གིས་ ཕྱག་ལཱ་ཚུ་ག་དེ་སྦེ་ར་ གནང་དོ་ཡོདཔ་ཨིན་ན་གི་སྐོར་ལས་ བཀྲིས་སྒང་ཝམ་རོང་གི་འཐུས་མི་གིས་ དྲི་བ་ཞུ་ཡི།

ལཱ་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ ལཱ་གཡོག་གི་གོ་སྐབས་ཡོད་དེ་འབད་རུང་ ན་གཞོན་ཚུ་ལུ་ཡོད་པའི་ རིག་རྩལ་དང་ ལས་སྡེ་ལུ་ དགོ་པའི་རིག་རྩལ་གཉིས་ རྟགས་མ་མཐུན་མི་ལུ་བརྟེན་ཏེ་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པར་ལུསཔ་མས་ཟེར་ཞུ་ཡི།
དུས་ཅི་ སྤྱི་ཟླ་༡ པའི་ནང་ལས་འགོ་བཙུགས་ཏེ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་༡༠,༤༠༠ དང་ སློབ་རིམ་ ༡༢ པ་༡༢, ༨༧༦ དེ་ལས་ སྤྱི་ཟླ་༨ པའི་ནང མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ སློབ་ཕྲུག་༡༧༠༠ འབདཝ་ད་ སློབ་ཕྲུག་ ཡོངས་བསྡོམས་༢༠,༠༠༠ དེ་ཅིག་གིས་ ལཱ་གཡོག་འཚོལ་ནི་ཨིནམ་བཞིན་དུ་ ལཱ་གཡོག་གི་གོ་སྐབས་ ཁག་༣ ནང་རྩིས་ཕབ་ད་ ལཱ་གཡོག་གི་གོ་སྐབས་༢༤,༠༠༠ དེ་ཅིག་འདུག་ཟེར་ཞུ་ཡོདཔ་བཞིན་དུ་ ལཱ་གཡོག་འཚོལ་མི་དང་ཕྱདཔ་ད་ གཡོག་གི་གོ་སྐབས་མང་སུ་སྦེ་འདུག་ཟེར་ཞུ་ཡི།
གཡོག་གི་གོ་སྐབས་དེ་ཡང་ གསལ་བསྒྲགས་འབད་མི་རྐྱངམ་གཅིག་ལུ་ རྩིས་རྐྱབ་ཅི་ཟེར་ཨིནམ་ད་ འདི་དང་འདྲཝ་སྦེ་ གསལ་བསྒྲགས་མ་འབད་མི་ ལཱ་གཡོག་ཡང་ ལེ་ཤ་ཅིག་ར་འོང་ཟེར་ཞུ་ཡི།
ཁྲོམ་སྡེའི་ནང་ ན་གཞོན་གཡོག་མ་ཐོབ་པར་ལུས་དགོ་མི་དེ་ཡང་ གནད་དོན་ཁག་༤ ཡོད་ཟེར་ཨིནམ་ད་ དེ་ཡང་ དང་པ་ རིག་རྩལ་དང་ལཱ་གཡོག་རྟགས་མ་མཐུན་མི་ གཉིས་པ་ ཨ་ལུ་ཚུ་གིས་ མནོ་བསམ་གཏང་ཐངས གསུམ་པ་རིག་རྩལ་མེད་མི་ བཞི་པ་ ལཱ་གཡོག་འཚོལ་མི་ཚུ་ལུ་ ཉམས་མྱོང་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་ཞུ་ཡི།
ལས་གཡོག་ལྷན་ཁག་གི་ ཁ་ཐུག་ལས་ སློབ་རིམ་༡༠ པ་དང་༡༢ པའི་སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལས་ ཐོནམ་ཅིག་ རིག་རྩལ་དང་ ཉམས་མྱོང་མེད་ནི་དེ་གིས་ དེ་འཕྲོ་ལས་ གཡོག་ནང་འཛུལ་ནི་མིན་པར་ སྦྱོང་བརྡར་ནང་འཛུལ་དགོ་པའི་ བསླབ་བྱ་ཚུ་ཡང་ བྱིན་དོ་ཟེར་ཞུ་བའི་ཁར་ སྦྱོང་བརྡར་དེ་ཡང་ གཞུང་གི་སྤེལ་ཁང་རྐྱངམ་གཅིག་ནང་མེན་པར་ སྒེར་དང་ ལས་སྡེ་ཚུ་ནང་ཡང་ འབད་དགོ་པའི་ བརྡ་དོན་བྱིན་དོ་ཟེར་ ཞུ་ཡི།
དུས་ཅི་ལས་ ལྷན་ཁག་གིས་ མི་སྟོབས་ལམ་སྟོན་གྱི་ དཔེ་དེབ་ཅིག་ བརྩམ་ནི་འགོ་བཙུགས་ཡོད་མི་དེ་ ཟླཝ་༡ གི་ནང་འཁོད་ལུ་ གསར་བཏོན་འབད་ཚུགསཔ་ད་ དཔེ་དེབ་དེ་གིས་ མ་འོངས་དཔལ་འབྱོར་གྱི་ གནས་སྟངས་དང་འཁྲིལ་ཏེ་ གཡོག་གི་ གོ་སྐབས་ཚུ་གི་གསལ་སྟོན་ཚུ་ འབད་ཚུགས་ཟེར་ཞུ་ཡི།
རྒྱལ་ཁབ་ནང་ སྤྱིར་བཏང་གི་ ལཱ་གཡོག་མ་ཐོབ་མི་ སྤྱི་ལོ་༢༠༠༨ ལུ་ བརྒྱ་ཆ་༤.༢ དང་ སྤྱི་ལོ་༢༠༠༩ ལུ་ བརྒྱ་ཆ་༤ སྤྱི་ལོ་༢༠༡༠ ལུ་ བརྒྱ་ཆ་༣.༣ དེ་ལས་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༣.༡ ལུ་མར་ཕབ་སོང་ཡི་ཟེར་ལཱ་གཡོག་བློན་པོ་གིས་ཞུ་ཡི།
ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༢ ཀྱི་ ལོ་བསྟར་ལཱ་གཡོག་ཞིབ་འཚོལ་སྙན་ཞུ་ཚུ་ བཟོ་ཚར་ཡོདཔ་ལས་ ༢༠༡༢ ནང་ སྤྱིར་བཏང་གི་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༢.༡ ལུ་ མར་ཕབ་སོང་ཡོདཔ་མ་ཚད་ ན་གཞོན་ལཱ་གཡོག་མ་ཐོབ་མི་ཡང་ བརྒྱ་ཆ་༧.༣ ལུ་མར་ཕབ་སོང་ཡི་ཟེར་ཞུ་ཡི།
ལས་གཡོག་ལྷན་ཁག་གིས་ འཆར་གཞི་བཅུ་པའི་དམིགས་ཡུལ་འདི་ སྤྱིར་བཏང་གི་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༢.༥ ལུ་ ཕབ་ཚུགས་པའི་འཆར་གཞི་ཡོད་རུང་ དེ་ལས་ལྷགཔ་སྦེ་ མར་ཕབ་འབད་ཚུགས་མི་ལུ་ སེམས་དགའ་ལུགས་ཚུ་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment