༢/༥/༢༠༡༢
༉ ཁ་ཙ་དྲོ་པ་ ཆུ་ཁ་ སྟག་ཏི་ཀོ་ཁྲི་ལུ་ སྣུམ་འཁོར་སཱེན་ཊོ་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༢༠༠ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ འབྲུག་མི་༢ དང་ རྒྱ་གར་གྱི་མི་ཁུངས་༣ ལུ་ ཤི་རྐྱེན་བྱུང་ནུག།
ཁྲིམས་སྲུང་འགག་པ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ རྐྱེན་ངན་དེ་ ཕུན་ཚོགས་གླིང་ལྷོད་ནི་ལུ་ ཀི་ལོ་མི་ཊར་༧༩ གི་ས་གནས་ སྟག་ཏི་ཀོ་ཁྲི་ཟམ་དང་ གི་རིཕ་ཀེན་ཊེན་གྱི་བར་ན་ བྱུང་ནུག་ཟེར་ཨིན་པས།
སྣུམ་འཁོར་ནང་ཤི་རྐྱེན་བྱུང་མི་འབྲུག་མི་༢ པོ་དེ་ ཕུན་ཚོགས་གླིང་ལུ་ ལཱ་འབད་སྡོད་མི་ཨིནམ་ད་ རྒྱ་གར་གྱི་མི་ཁུངས་ཚུ་ ཐིམ་ཕུ་ལུ་ བཟོ་སྐྲུན་གྱི་ལཱ་འབད་མི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྒྱ་གར་གྱི་མི་༣ དེ་ ལམ་བར་ནང་ལས་ འཛུལ་འགྱོ་འགྱོཝ་བཟུམ་ཅིག་ཡོདཔ་ཨིན་རུང་ ད་ལྟོ་ བྱུང་རྐྱེན་དེ་གི་སྐོར་ལས་ ཧ་མི་གོ་བས་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ གཞུང་ལམ་བདའ་ འགྲོ་འགྲུལ་འབད་མི་དང་ གི་རིཕ་གི་ ལས་མི་ཚུ་གིས་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཤི་རྐྱེན་བྱུང་མིའི་ ཕུངམོ་ཚུ་ རང་སོའི་མི་ཚན་དང་ བཟོ་བསྐྲུན་གྱི་ ཁག་འབགཔ་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པའི་ གནས་ཚུལ།
No comments:
Post a Comment