གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ ལྕང་རྒེད་འོག་ནང་ ཚོད་བསྲེ་གི་ཐོན་སྐྱེད་འགོ་བཙུག་ནིའི་ལས་འཆར།


ཟླ་༣ པའི་ཚེས་༢༥། 

༡༥/༥/༢༠༡༢

༉ གཞུང་གིས་ སྤྱི་ཟླ་༥ པའི་ཚེས་༡༩ ལས་ ཚོད་བསྲེ་ ནང་འདྲེན་འཐབ་ནི་ བཀག་དམ་འབད་ནི་ཨིན་ཟེར་ ཁྱབ་ཆེར་སོང་མི་དེ་ བདེན་ཁུངས་མེད་པའི་གསལ་སྟོན་འབད་རུང་ ནང་འཁོད་ཀྱི་ ཐོན་སྐྱེན་ཡར་དྲགས་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ གསལ་སྒྲགས་འབད་ཡོདཔ་ཨིན་པས།


གནད་དོན་དེ་གི་ཐོག་ལས་སྦེ་ ཐིམ་ཕུ་ལྕང་རྒེད་འོག་གི་ གཡུས་སྒོའི་ མི་སེར་སྡེ་ཚན་བཟོ་ཐོག་ལས་ ཐོན་སྐྱེད་ཡར་དྲག་གི་དོན་ལ་ུ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ འཆར་གཞི་ཚུ་ བརྩམ་དོ་ཡོདཔ་ཨིན་པས།
ལྕང་རྒཔོ་ ཨོ་རྒྱན་གྱིས་འབད་བ་ཅིན་ རྒེད་འོག་གི་ སྤྱི་འོག་༥ གིས་ ཚོད་བསྲེ་འཛུགས་སྐྱོང་དང་ ཉ་གསོ་སྐྱོང་ཁང་ དེ་ལས་ ཕགཔ་གསོ་སྐྱོང་ འབད་ནིའི་དོན་ལུ་ དང་འདོད་ཡོད་མི་ ལེ་ཤ་ཅིག་གིས་ ཐོ་བཀོད་འབད་ཡི་ཟེར་ཨིན་པས།
དེ་ཡང་ མི་གྲངས་༥༣ དེ་ཅིག་གིས་ ཚོད་བསྲེ་འཛུགས་སྐྱོང་དང་༡༡ གིས་ ཕགཔ་གསོ་སྐྱོང་༨ ཀྱིས་ ཉ་གསོ་སྐྱོང་འབད་ནི་ དེ་ལས་༡༥ དེ་ཅིག་གིས་ བྱ་གསོ་སྐྱོང་ཁང་ སྒོ་ཕྱེ་ནིའི་དོན་ལུ་ དང་འདོད་བསྐྱེད་ཡོདཔ་ཨིན་རུང་ ད་ལྟོ་ སྡེ་ཚན་བཟོ་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
འཆར་གཞི་དེ་ཚུ་ དང་ཞག་ཁམས་ཅིག་ཁར་འཚོགས་མི་ རྫོང་ཁག་ཚོགས་འདུའི་སྐབས་ ཚོད་བསྲེ་ཚུ་ལས་འགོ་བཙུགས་ ཤ་དང་ཉའི་རིགས་ཚུ་ ང་བཅས་རའི་ རྒྱལ་ཁབ་ནང་འཁོད་ནང་ལས་ར་ ཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ གྲོས་བསྡུར་བྱུང་མི་དང་འཁྲིལ་ཏེ་ ཨིན་ཟེར་རྒཔོ་གིས་ སླབ་ཨིན་པས།
རྒཔོ་ཨོ་རྒྱན་གྱིས་འབད་བ་ཅིན་ ལས་སྣ་ཁག་ཚུ་ འགོ་བཙུག་ནིའི་དོན་ལུ་ དང་འདོད་བསྐྱེད་མི་ཚུ་གིས་ སྙན་ཞུའི་ཡིག་ཆ་ཚུ་ རྒེད་འོག་ནང་ ལྷོད་ཡོདཔ་བཞིན་དུ་ འཆར་གཞི་༡༡ པའི་ནང་ ལས་འཆར་དེ་ འགོ་བཙུགས་ཚུགས་ཐབས་ལུ་ ད་ལྟོ་ དེ་གི་ཐོག་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ འོད་གསལ་སྤང་དང་ ཧོང་འཚོ་ ར་མ་ དེ་ལས་ དེབ་སྲས་ཕར་ཁ་དང་ དེབ་སྲས་ཚུར་ཁའི་ སྤྱི་འོག་ཚུ་ནང་ ཚོད་བསྲེ་ ཀེ་བ་དང་ ཨེ་མ་ཚུ་ འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་མ་ཚད་ དེ་ཚུ་ གོང་འཕེལ་རྒྱ་ཆེཝ་སྦེ་གཏང་ཐབས་ལུ་ཨིན་ཟེར་ རྒཔོ་གིས་བཤདཔ་ཨིན་པས།
ལས་འཆར་ཚུ་གི་དོན་ལུ་ སྤྱིར་བཏང་མི་སེར་སྡེ་ཚན་ ཁོང་རའི་ནང་འཁོད་ལུ་ ཁ་འཆམ་བྱུང་ཚུགས་པ་ཅིན་ རང་སོའི་ས་ཞིང་ཚུ་ནང་ འཛུགས་སྐྱོང་འབད་བཏུབ་ནི་ཨིན་རུང་ ཕྱོགས་གཅིག་ལས་ རྒེད་འོག་གིས་ གཡུས་སྒོའི་ ཉེས་འདབས་ལུ་ གཞུང་ས་སྟོངམ་ཡོད་མེད་ དབྱེ་ཞིབ་འབད་ཐོག་ལས་ དེ་ཚུ་ལག་ལེན་འཐབ་དོན་ལུ་ གཞུང་ལུ་ སྙན་ཞུ་འབད་དགོཔ་ཡོདཔ་ལས་ ལས་འཆར་དང་འཁྲིལ་འགྱོ་བཏུབ་པ་ཅིན་ འཐུས་མི་༥ དང་༦ རེ་འབད་མི་ སྡེ་ཚན་རེ་ལུ་ ས་ཆ་ཨེ་ཀར་༡༠ དེ་རེ་ བྱིན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་ས་གླ་ཁར་ལེན་ཏེ་ བཟའ་སྤྱོད་འབད་དགོ་པའི་ གནད་དོན་གྱི་ཐད་ལུ་ སོ་ནམ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ས་ཆ་གནང་བ་ལེན་ནིའི་ནང་ རྒྱབ་བསྐྱོར་ ཧྲིལ་པོར་འབད་དགོ་ཟེར་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ བཤདཔ་ཨིན་པས།
ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་བའི་སྐབས་ ནད་འབུབ་ཚུ་ བཀག་ཐབས་ཀྱི་དོན་ལུ་ རྫས་སྦྱོར་ལས་བཟོ་མིའི་ སྨན་ཚུ་མེན་པར་ རང་ལུགས་ཀྱི་ རིག་གསར་ཐོག་ལས་ བཟོ་བཅོས་འབད་མིའི་སྨན་དང་ ལུད་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
རྒེད་འོག་གི་རྒཔོ་གིས་འབད་བ་ཅིན་ སྡེ་ཚན་གྱི་ཐོག་ལས་སྦེ་ ལཱ་འབད་དགོཔ་བཟོ་མི་དེ་ གཞུང་ལས་ གྲོགས་རམ་ཞུཝ་ད་ལུ་ བྱ་སྟབས་བདེ་དྲགས་ ཡོད་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ གཡུས་སྒོ་ཚུ་གི་ ས་ཁ་མཐོ་དམའ་དང་འཁྲིལ་ དྲོད་ལྡན་ཁྱིམ་ གི་རིན་ཧའུསི་ཚུ་ཡང་ ཉོ་ནི་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་ར་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ རྒེད་འོག་གི་ ས་གནས་ཚུ་ནང་ དགུན་ཐོ་ཚུ་ ག་ཅི་ཡང་ བཏབ་ནི་མེདཔ་ལས་ ད་ལས་ཕར་ ས་ཞིང་ཚུ་ནང་ གནམ་དགུན་གྱི་དུས་ལུ་ པད་དཀར་ཚུ་ བཏབ་ནིའི་ ལམ་ལུགས་ཡང་ འགོ་བཙུག་ནི་ཨིན་ཟེར་ཨིན་པས།
དེབ་སྲས་ཚུར་ཁའི་ཚོགས་པ་ ཀུན་ལེགས་ཆོས་འཛོམས་ཀྱིས་ འབད་བ་ཅིན་ ཐིམ་ཕུ་ལུ་ གཞུང་གཡོག་ལཱ་འབད་མིའི་ གནས་ཚང་ཚུ་གིས་ཡང་ ལས་འཆར་དེ་བཟུམ་ནང་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ལས་ གལ་སྲིད་ ཁོང་གིས་ཡང་ འབྲེལ་གཏོགས་འབད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས་ཟེར་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment