གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྐྱེན་ངན་ནང་ ཕོ་སྐྱེས་༢ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༩ གི་ཉིན་མར་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་འོང་མི་ སྣུམ་འཁོར་ཊ་ཊ་མཱན་ཟ་དེ་ ས་གནས་སྐམ་སྦྱིས་ལུ་ལྷོདཔ་ད་ ལམ་འོག་ལས་མར་ རྦོམ་རིལ་ཡར་སོཔ་ལས་ སྣུམ་འཁོར་དེ་ནང་ འཛུལ་འོང་མི་ ཕོ་སྐྱེས་གཉིས་ཆ་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


དེ་ཡང་ ལས་འཛིན་ཅིག་གི་ལས་བྱེདཔ་ སྐྱེས་ལོ་༢༧ ལང་མི་དང་ སྐྱེས་ལོ་༣༢ ལང་མི་ དགེ་སློང་དེ་ ཉིན་མའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༢༤ དེ་ཅིག་གི་ས་གནས་ སྐམ་སྦྱིས་ལུ་ལྷོདཔ་ད་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ ཚོང་འབྲེལ་ལས་ཁང་ཅིག་ནང་ ལཱ་འབད་མི་ དེད་གཡོགཔ་དེ་ ཐིམ་ཕུ་ལུ་ སྣུམ་འཁོར་ཊ་ཊ་མཱན་ཟ་གསརཔ་དེ་ བསྐྱལ་བར་འོངམ་ད་ རིན་ཆེན་སྡིང་ཞིབ་དཔྱད་སྒོ་ར་ལས་ ལྕགས་རི་དགོན་པའི་ དགེ་སློང་ཅིག་ བཙུགས་འབག་འོང་ནུག།
ཁྲིམས་སྲུང་འགག་པ་གིས་ ཁོང་གཉིས་ཆ་ར་ ངོ་ཤེས་འདྲིས་ཤེས་མེད་མི་ཅིག་ཨིན་པས་ཟེར་ བཤད་ཡོདཔ་ད་ སྣུམ་འཁོར་དེ་ ལམ་འོག་ལས་མར་ ཕིཊ་༣༠༠ དེ་ཅིག་གི་ས་ཁར་ རྦོལ་རིལ་ཡོདཔ་ལས་ སྣུམ་འཁོར་རྩ་བ་ལས་ར་ ཆག་དཀྲུམས་ཡར་སོ་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ཡང་ དེད་གཡོགཔ་དེ་གིས་ ལམ་སྒོར་ལྟབ་ལས་ བསྒྱིར་བའི་སྐབས་ བྱུང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ དེ་བསྒང་ སྣུམ་འཁོར་ཀཱར་གྱི་ རྟིང་ཤུལ་བདའ་སྟེ་ ཌི་སི་ཨེམ་ཊཱག་ཅིག་ཡོད་མིའི་ དེད་གཡོགཔ་དེ་གིས་ སྣུམ་འཁོར་ཀཱར་དེ་ ལམ་འོག་ལས་མར་ མགོ་མཇུག་ལོག་སྟེ་ རྦོལ་རིལ་སར་ མཐོང་ནུག་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་དེད་གཡོགཔ་དེ་གིས་ སེམས་བག་གཡེང་ཐོག་ལས་ སྣུམ་འཁོར་བཏང་མི་དང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ རྐྱེན་ངན་བྱུང་ཡོདཔ་འོང་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཁོང་གཉིས་ཆ་རའི་ཕུངམ་ཚུ་ ཁོང་རའི་ བཟའ་ཚང་ཚུ་ལུ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།

No comments:

Post a Comment