གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ ཉེས་པ་ཡང་ཕྲའི་ཉེས་འཛུགས།

ཟླ་༥ པའི་ཚེས་༡

༉ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ལས་ སྐྱེས་ལོ་༣༩ ལང་མི་དང་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་༢ འཐབ་འཛིང་འབད་བའི་སྐབས་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་དེ་གི་དཔྱལཝ་གུ་ རྨ་སྐྱོན་བཏོན་ཡོདཔ་ལས་ ཉེས་འཛུགས་ཕོག་མི་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


བུམ་ཐང་ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་དེ་གིས་ ཉམས་རྒུད་བྱུང་མི་ ཁོ་རའི་ ཆ་རོགས་དང་གཅིག་ཁར་ རོ་ཁྱིའི་སྐོར་ལས་ ཁ་ཤགས་རྐྱབ་པའི་སྐབས་ ཁོང་རང་༢ ཆ་ར་ ཆང་གིས་འགྲངས་ཏེ་ཡོདཔ་ལས་ རྡོ་གིས་ དཔྱལཝ་གུ་བླུགས་བྱིན་ནུག་ཟེར་ཨིན་པས།
ཉམས་རྒུད་བྱུང་མི་ ཕོ་སྐྱེས་དེ་ དེ་འཕྲོ་ལས་ དབང་འདུས་ཆོས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཁོང་༢ སྟང་རྒེད་འོག་གི་ སྐྱིད་འཛོམས་གཡུས་ཚན་ནང་ལྷོད་དེ་ ཁྱིམ་ཅིག་ནང་ ཆང་འཐུང་པའི་ཤུལ་ལས་ ཉེས་འཛུགས་ཅན་ ལྷག་པ་གི་ རོ་ཁྱི་དེ་ ལགཔ་ལས་ ཤོར་སོ་ནི་དེ་གིས་ ལོག་བཟུང་པའི་སྐབས་ རོ་ཁྱི་དེ་ལུ་ རྩུབ་སྤྱོད་འབད་བའི་སྐབས་ ཉམས་རྒུདཔ་གིས་ སྙིང་རྗེའི་ཐོག་ལས་ དེ་བཟུམ་མ་འབད་ཟེར་སླབ་སྟེ་ ཁ་ཤགས་རྐྱབ་པའི་སྐབས་ རྡོ་འཐུ་སྟེ་ དཔྱལཝ་གུ་ བླུགས་བྱིན་ཡོདཔ་པས།
ཉམས་རྒུདཔ་དེ་ ད་ལྟོ་ཡང་ དབང་འདུས་ཆོས་གླིང་སྨན་ཁང་ནང་ སྨན་བཅོས་ འབད་བའི་བསྒང་ཡོདཔ་ཨིན་པས།
སྨན་ཁང་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཉམས་རྒུད་པའི་དཔྱལཝ་གུ་ རྨ་བཏོན་ཡོདཔ་སྦེ་ བཀོད་ཡོདཔ་མ་གཏོགས་ གཞན་གནོད་སྐྱོན་ ག་ནི་ཡང་ མེདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་དེ་ལུ་ ཉེས་པ་ཡང་ཕྲའི་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་འདུན་ལུ་ གཏང་ནི་ཟེར་ཨིན་པས།
ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་དེ་ མཐོ་ཤོས་ལོ་༡ དང་ དམའ་ཤོས་ཟླཝ་༡ ཕོག་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment