གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་༣ པ་ཚུ་གིས་ ད་རུང་ སྐྱབས་བཅོལ་བ་༡༩,༠༠༠ དེ་ཅིག་ ཐེབས་ལེན་ཡོདཔ།

༡༠/༧/༢༠༡༢། ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ན་ཧིང་ ཨེ་མི་རི་ཀ་གིས་གཙོས་པའི་ རྒྱལ་ཁབ་༣ པ་ཚུ་གིས་ ནེ་པཱལ་གྱི་ སྡོད་སྒར་ཚུ་ནང་ལས་ སྐྱབས་བཅོལ་བ་༡༩,༠༠༠ དེ་ཅིག་ ཐེབས་ལེན་ཡོདཔ་སྦེ་ཞུ་ཡི།
ཧེ་མ་ལས་ ལེན་ཡོད་པའི་ སྐྱབས་བཅོལ་བའི་ གྱངས་ཁ་ཚུ་རྩིསཝ་ད་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ རྒྱལ་ཁབ་༣ པ་ཚུ་གིས་ སྐྱབས་བཅོལ་བ་བསྡོམས་༦༥,༠༠༠ ལུ་ གཞིས་གསར་སྤྲོད་ནུག་ཟེར་ཞུ་ཡི།

བློན་ཆེན་གྱིས་ སྤྱི་ཚོགས་ལྷན་བཞུགས་ལུ་ སྙན་ཞུ་ཕུལ་མིའི་ནང་ རྒྱལ་ཁབ་ཚུ་གི་གྲས་ལས་ ཨེ་མི་རི་ཀ་རྐྱངམ་གཅིག་གིས་ར་ སྐྱབས་བཅོལ་བ་༥༤,༠༠༠ ལེན་ཡི་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཀེ་ན་ཌ་ལུ་ སྐྱབས་བཅོལ་བ་༤,༦༧༣ དང་ ཨཱསི་ཊེ་ལི་ཡ་ལུ་༣,༤༩༢ ཌེན་མཱག་ལུ་༦༢༡ ནིའུ་ཟི་ལེནཌི་ལུ་༦༥༣ ནོར་ཝེ་ལུ་༥༠༩ ནི་དར་ལེནསི་ལུ་༥༠༩ དེ་ལས་ ཡུ་ཀེ་ལུ་༢༢༤ ལེན་ཡོདཔ་སྦེ་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ནེ་པཱལ་རྒྱལ་ཁབ་དང་གཅིག་ཁར་ ཟུང་ཕྱོགས་ཞལ་འཛོམས་ཚུ་ ལོག་འགོ་འདྲེན་འཐབ་ནིའི་ རེ་བ་ཡོད་རུང་ ནེ་པཱལ་ལུ་ གཞུང་སྒྲིང་སྒྲིང་མེད་མི་ལུ་བརྟེན་ཏེ་ སྟབས་མི་བདེ་བས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ བློན་ཆེན་གྱིས་ ཨེ་མི་རི་ཀ་གིས་གཙོས་པའི་ རྒྱལ་ཁབ་གཞན་ཚུ་གིས་ ནེ་པཱལ་གྱི་ སྐྱབས་བཅོལ་བའི་སྒར་ཚུ་ནང་སྡོད་མི་ སྐྱབས་བཅོལ་བ་ཚུ་ལུ་ སྙིང་རྗེའི་ཐོག་ལས་ གཞིས་གསར་བྱིན་མི་ལུ་ དགའ་ཚོར་དང་ ངལ་རངས་ཡོད་ལུགས་ཀྱི་སྐོར་ལས་ཡང་ གསལ་ཞུ་ཕུལ་ཡི།
ན་ཧིང་ སྤྱི་ཟླ་༥ པ་ཚུན་ ཨེ་མི་རི་ཀ་དང་ གཞན་རྒྱལ་ཁབ་༣ པ་ཚུ་གིས་ སྐྱབས་བཅོལ་བ་༤༥,༦༨༦ གཞིས་གསར་ཐོག་ ལེན་ཡོདཔ་ད་ ན་ཧིང་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༧ པའི་སྐབས་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་༣ པ་ ཕུལ་བའི་སྐབས་ ནེ་པཱལ་གྱི་ སྐྱབས་བཅོལ་སྒར་ནང་ སྡོད་མི་ཚུ་ལུ་བརྟེན་ འབྲུག་གི་སྲིད་དང་ མི་སྡེ་ དེ་ལས་ ཉེན་སྲུང་ཚུ་ དོ་འགྲན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment