གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ ཆུ་དུང་ཚུ་ ཨར་རྐུན་ཤོར་ཡོདཔ།

༡༣/༧/༢༠༡༢   ༉ དུས་ཅི་ལས་ མོང་སྒར་རྫོང་ཁག་ ནང་ མི་སེར་སོ་ནམ་པ་ མང་ཤོས་ཅིག་གིས་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ཚུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཤུགས་བཏོན་དོ་ཡོདཔ་ལས་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ གཞུང་གིས་གནང་མི་ ཆུ་དུང་ཚུ་ཡང་ ཨར་རྐུན་ཤོར་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༧ གྱི་ནུབ་མོ་ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་ བཱ་ན་གཡུས་ཚན་དང་ གཉེར་པ་ དེ་ལས་ མཁར་གབ་གཡུས་ཚན་༣ གྱི་ ཁྱིམ་གུང་པ་༤༠ དེ་ཅིག་ནང་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ ལཱ་འབད་བའི་བསྒང་ཡོདཔ་ལས་ ཅ་ཆས་བཞག་སའི་ མཛོད་ཁང་ནང་ལས་ སྒོ་གི་ལྡེ་མིག་ བཅག་དཀྲུམས་བཏང་སྟེ་ ཆུ་དུང་སྒྲིལ་ཐུམ་༥ དང་ ཅ་ཆས་གཞན་ཚུ་རྩིས་ཏེ་ དངུལ་ཀྲམ་༢༥,༠༠༠ ལྷགཔ་ཅིག་གནས་པའི་ ཅ་ཆས་ཚུ་ ཨར་རྐུན་ཤོར་སོ་ནུག།
མཛོད་ཁང་དེ་ཡང་ ཨ་རྒས་ཅིག་ལས་བརྒལ་སྡོད་ནི་མེད་པའི་ ཁྱིམ་ཐོག་༢ འབད་མིའི་ འོག་ཐོག་ལུ་ བཞག་དོ་ཡོདཔ་ད་ ཨ་རྒས་དེ་ ལོ་ན་རྒས་སོཔ་ལས་ རེས་གཟའ་ཟླ་བ་ལུ་ འཐུང་ཆུའི་ལཱ་འབད་མི་ཚུ་གིས་ མཛོད་ཁང་ནང་ ཅ་ཆས་ལེན་པར་འགྱོཝ་ད་ ཨར་རྐུན་གྱི་ ཤེས་རྟོགས་བྱུང་ཡོདཔ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
མ་གཞི་ འདས་པའི་ལོ་ཚུ་གི་ ཉམས་མྱོང་དང་འཁྲིལ་བ་ཅིན་ གཡུས་ཚན་ཁག་༣ གྱི་ཅ་ཆས་ཚུ་ རང་སོའི་ གཡུས་ཚན་ཁག་གིས་ འགོ་འདྲེན་ཐོག་ སོ་སོར་འབད་བཞག་དོ་ཡོད་རུང་ དུས་ཅི་ གཡུས་ཚན་ཁག་༣ གྱི་ཅ་ཆས་ཚུ་ མཛོད་ཁང་གཅིག་ནང་ སྤུངས་བཞག་མི་དེ་ཡང་ གཡུས་ཚན་ག་གིས་ ཅ་ཆས་ལྷག་ལུས་ཡོད་རུང་ རྒེད་འོག་གིས་ འགོ་འདྲེན་ཐོག་ལས་ གཡུས་ཚན་ག་ཏེ་ མ་ལང་མི་ལུ་ མཐུན་རྐྱེན་སྤྲོད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ རྒཔོ་རྟ་མགྲིན་ཚེ་དབང་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གཡུས་ཚན་ཁག་བཞག་པ་ཅིན་ ཅ་ཆས་ག་ཅི་ ལྷག་ལུས་ཡོད་རུང་ རྒེད་འོག་ལུ་མ་སྤྲོད་པར་ མི་ལ་ལུ་ཅིག་གིས་ ཚུལ་མིན་ཐོག་ལས་ སྤྱོད་ནིའི་ཉེན་ཁ་ཡོདཔ་མ་ཚད་ ཅ་ཆས་ལྷག་ལུས་ཚུ་ ཚུལ་མཐུན་ཐོག་ལུ་ སྤྱོད་ནི་མེད་པའི་ལོ་རྒྱུས་ཚུ་ཡང་ གཡུས་མི་ཚུ་ལས་ གོ་མི་ལུ་བརྟེན་ སྟབས་གཅིག་ཁར་ བཞག་ཅི་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ཟླཝ་༥ པ་ལས་ འགོ་བཙུགས་མི་ གྲོང་གསེབ་འཐུང་ཆུའི་ལཱ་དེ་ མཇུག་བསྡུ་ཡོདཔ་ལས་ ད་རེས་ནངས་པ་ ཆུ་མཛོད་སྐམ་བཅུག་སྟེ་ཡོདཔ་ལས་ ཆུ་དུང་ལང་ཚུགས་ནི་དེ་གིས་ ལེགས་ཤོམ་སོང་ནུག་ཟེར་ཨིནམ་ད་ ད་རེས་ ཨར་རྐུན་ཤོར་མི་ ཆུ་དུང་ཚུ་ གཡུས་ཚན་གྱི་ མི་ཚུ་གིས་ འབག་ཡོདཔ་ཨིན་པ་ཅིན་ བདའ་ཟུན་ཚུགས་ཟེར་ཨིན་པས།
མི་ཚུ་གིས་ ཨར་རྐུན་འབད་མི་དེ་ རྒེད་འོག་གི་ མི་སེར་ཨིན་པ་ཅིན་ ལོ་༡ དང་༢ དེ་ཅིག་ནང་ བདའ་ཟུན་ཚུགསཔ་མ་ཚད་ ཨར་རྐུན་ཤོར་བའི་ཚེ་ར་ མོང་སྒར་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་ལུ་བརྟེན་ ཨར་རྐུན་འབད་མི་དེ་ བདའ་ཟུན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment