གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་གྱི་ལཱ་ཚུ་ འབྲུག་མི་ལུ་བྱིན་དགོ་པའི་ཞུ་བ་འབད་ཡོདཔ།

༤/༧/༢༠༡༢། ༉ རྒྱབ་ཁབ་ནང་ གོང་འཕེལ་གྱི་ལཱ་དང་འབྲེལ་བའི་ བཟོ་སྐྲུན་གྱི་ལཱ་ཚུ་ ཐོན་བཞིན་དུ་ཡོད་རུང་ ད་རེས་ནངས་པ་ ཆུ་དུང་དང་ གློག་མེ་བཙུག་མི་ རྡོ་བཟོ་བོ་གི་ལཱ་ཚུ་ འབྲུག་མི་ཚུ་གིས་འབད་ཚུགས་རུང་ དེ་ཚུ་ག་ར་ རྒྱ་གར་རྒྱལ་ཁབ་ཀྱི་ལས་མི་ཚུ་གིས་ འབད་དོ་ཡོདཔ་ལས་ ལས་གཡོག་ལྷན་ཁག་གི་ཁ་ཐུག་ལས་ གདོང་ལེན་ཚུ་ ག་དེ་སྦེ་ར་ གནང་ནིའི་འཆར་གཞི་ཡོདཔ་ཨིན་ནའི་སྐོར་ལས་ སྤ་རོ་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་ དྲི་བཀོད་ཞུ་ཡི།

ཁོ་གིས་འབད་བ་ཅིན་ རྒྱ་གར་གྱི་ལས་མི་ཚུ་འབད་རུང་ འགོ་དང་པ་ ལཱ་འབད་བར་འོང་བའི་སྐབས་ ཉམས་མྱོང་ཚུ་མེད་དེ་འབད་རུང་ ཤུལ་ལས་ ལཱ་འབད་དེ་ར་ ཉམས་མྱོང་ཐོབ་མི་ཙང་ཙ་ཨིན་མས་ཟེར་ཞུ་ཡི།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ སྦྱོར་བརྡར་འབད་ཚར་མི་ སློབ་ཕྲུག་བརྒྱ་ལས་བཅད་དེ་ མཐར་འཁྱོལ་མི་ཡོདཔ་བཞིན་དུ་ ང་བཅས་ལུ་ འདི་བཟུམ་གྱི་ ལཱ་འབད་ཚུགས་མི་འདུག་ཟེར་ སྤ་རོ་འཐུས་མི་གིས་ཞུ་ཡི།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ལཱ་གཡོག་ལྷན་ཁག་ནང་ ཐོ་བཀོད་ཡོད་མི་ ཕྱི་མི་ ནང་བསྐྱོད་ཆོག་ཐམ་འཆང་སྡོད་མིའི་ ལས་མི་༥༤,༠༠༠ དེ་ཅིག་ཡོད་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ བཟོ་སྐྲུན་གྱི་ལཱ་ཚུ་ནང་རྐྱངམ་གཅིག་མེན་པར་ ལ་ལུ་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་འགོ་དཔོན་ དེ་ལས་ སློབ་དཔོན་ཚུ་ཡང་ཡོདཔ་ཨིན་ཟེར་ཞུ་ཡི།
ནང་འཁོད་ལུ་ སྦྱོང་བརྡར་སྤེལ་ཁང་༨ ཡོདཔ་བཞིན་དུ་ ད་ལས་ཕར་ ན་གཞོན་ཚུ་གིས་ ལག་ཤེས་དང་ རིག་རྩལ་སྦྱོང་བརྡར་ཚུ་ འབད་ཞིནམ་ལས་ དགོས་མཁོ་ལྡན་པའི་མི་སྟོབས་ལངམ་བཟོ་ནི་དེ་ ཁག་ཆེ་བས་ཟེར་ ལས་གཡོག་བློན་པོ་གིས་ ཚོགས་ཁང་ནང་ཞུ་ཡི།
ཁོང་ཆ་ཁྱབ་ལུ་ དངུལ་ཕོགས་གི་ཚད་གཞི་བཟོ་ནིའི་ ལཱ་ཚུ་འབད་དོ་ཡོདཔ་མ་ཚད་ སྡེ་ཚན་བཟོ་ཞིནམ་ལས་ བཟོ་སྐྲུན་གྱི་ལཱ་འབད་ཚུགས་པའི་ འཆར་གཞི་ཚུ་བརྩམ་པའི་བསྒང་ར་ཡོད་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ རྒྱལ་ཁབ་ནང་ལས་དོན་གསརཔ་ གོང་འཕེལ་གྱི་ ལཱ་འགོ་བཙུགས་ཏེ་ ལོ་ངོ་མང་རབས་ཅིག་སོང་ནུག་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ ལཱ་འབད་མི་ཚུ་ག་ར་ ཕྱི་མིའི་ལས་མི་ཚུ་གིས་འབད་དེ་འདུག་ཟེར་ཞུ་ཡི།
ཐབས་ལམ་ཚུ་བཏོན་ཐོག་ལས་ ལཱ་སྣ་ཁག་ལ་ལུ་ཅིག་ འབྲུག་པའི་ན་གཞོན་ཚུ་ལུ་སྤྲོད་དོ་ཟེར་ཨིནམ་ད་ ལམ་སེལ་གྱི་ལཱ་ཚུ་ཡང་ འབྲུག་མི་ཚུ་གིས་ འབད་ནི་འགོ་བཙུགས་ཡོད་ཟེར་ཞུ་ཡི།
འབྲུག་མི་ཚུ་ལུ་ ལཱ་འབད་ནིའི་བློ་འདོད་ར་ཡོད་པ་ཅིན་ ལཱ་འཐོབ་ཚུགས་ནི་ལུ་ འཇམ་ཏོང་ཏོ་བཟོ་དོ་ཟེར་ཨིནམ་ད་ ལོ་༢ དང་༣ གྱི་རྒྱབ་ལས་ ལཱ་ཐོབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གསལ་ཞུ་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment