གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ཆད་བསྡོམས་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ།

ཚུལ་མིན་ཐོག་ལས་ དཀར་ཤིང་དྲ་མི་ཚུ་ བརྩེགས་བཞག་པའི་བསྒང་།
 ༡༤/༧/༢༠༡༢། ༉ བདུན་ཕྲག་འདི་ནང་ དབང་འདུས་ཕོ་བྲང་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ རྫོང་ཁག་གི་ དར་དཀར་རྒེད་འོག་ སྟག་ཤར་སི་ལི་གཡུས་ཚན་གྱི་ གྲོང་སྡེ་ནགས་ཚལ་གྱི་ ཁྲི་འཛིན་གྱིས་ གནང་བ་མེད་པར་ དཀར་ཤིང་རྩ་བོ་༤ དེ་ཅིག་ བརྡབས་བཏང་མི་ལུ་ ཉེས་ཆད་དངུལ་ཀྲམ་༩༢,༠༠༠ ལྷགཔ་ཅིག་ བཀལ་ཡོདཔ་ཨིན་པས།
དེ་ཡང་ དཀར་ཤིང་སི་ཨེཕི་ཊི་༢༣༥.༨༥ དྲ་མི་ཚུ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༥ ལུ་ འཕྱོག་བཟུང་འབད་བའི་ཤུལ་ལས་ ནགས་ཚལ་ཡིག་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཁྲི་འཛིན་གྱིས་འབད་བ་ཅིན་ ཤིང་དེ་ གྲོང་སྡེ་ནགས་ཚལ་ནང་ཨིན་ཟེར་མནོ་སྟེ་ ནགས་ཚལ་འགོ་དཔོན་ལུ་ སྙན་ཞུ་མ་འབད་ཟེར་ཨིན་པས།
གྲོང་སྡེ་ནགས་ཚལ་ནང་འབད་བ་ཅིན་ ནགས་ཚལ་ལག་ལེན་དང་ བདག་འཛིན་འབད་ནིའི་ དབང་ཚད་དེ་ མི་སྡེ་ལུ་ སྤྲོད་མི་དང་འཁྲིལ་ཏེ་ ཤིང་བརྡབ་ནིའི་ དབང་ཚད་ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་ དྲ་མི་ཤིང་དེ་ གཡུས་ཚན་ནང་ སློབ་གྲྭ་རྐྱབ་ནིའི་དོན་ལུ་ཨིནམ་ད་ གཡུས་ཚན་ནང་ ཤིང་མང་ཤོས་ར་ དཀར་ཤིང་ཡོད་ཟེར་ སླབ་ཨིན་པས།
ནགས་ཚལ་གླིང་འཛིན་འགོ་དཔོན་ བཙན་སྐྱོགས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཤིང་དེ་ གྲོང་སྡེ་ནགས་ཚལ་ནང་མེན་པར་ གཞུང་གི་སྲུང་སྐྱོབ་ས་ཁོངས་ནང་ ཨིནམ་ལས་བརྟེན་ ཉེས་ཆད་བཀལ་ཡི་ཟེར་ཨིནམ་ད་ ཨིན་རུང་ ལཱ་དེ་ དོན་ཅན་སྦེ་འབད་འབདཝ་མིན་པར་ ས་མཚམས་ལེགས་ཤོམ་སྦེ་ ངོས་འཛིན་འབད་མ་ཚུགསཔ་ལས་བརྟེན་ འབད་ནུག་ཟེར་ཨིན་པས།
བཙན་སྐྱོགས་དོན་གྲུབ་ཀྱིས་འབད་བ་ཅིན་ ས་མཚམས་དེ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་བའི་སྐབས་ གཞུང་གི་ སྲུང་སྐྱོབ་ས་ཁོངས་ནང་ ཚུདཔ་མས་ཟེར་ སླབ་ཨིན་པས།
དཀར་ཤིང་དེ་ སི་ཨེཕ་ཊི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༩༡ རེ་ སླབ་དོ་ཡོདཔ་ཨིན་རུང་ གྲོང་གཡུས་ནང་ ཁྱིམ་རྐྱབ་ནི་ཨིན་པ་ཅིན་ གཞུང་གིས་ སྐྱིད་སྡུག་གི་ཐོག་ལས་ ཤིང་རྩ་བོ་རེ་ལུ་ ཁྲལ་མཐོ་ཤོས་ དངུལ་ཀྲམ་༤༠ རེ་སྦེ་ ཐོབ་དོ་ཡོདཔ་ཨིན་པས།
ནགས་ཚལ་ཡིག་ཚང་གིས་ དུས་ཅི་གི་ལོ་ནང་ ཚུལ་མིན་ཐོག་ལས་ དཀར་ཤིང་སི་ཨེཕ་ཊི་༣༠༠ དེ་ཅིག་ དྲ་ཡོད་མི་ལས་ ཉེས་ཆད་བསྡོམས་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment