གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཁྱིམ་གྱི་ཉེན་བཅོལ་སྤྲོད་ནི་ལུ་ མགོ་རྙོགས་བྱུང་ཡོདཔ།

ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་ཁྱིམ།
 ༡༢/༧/༢༠༡༢། ༉ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་ཁྱིམ་ཚུ་ དབྱེ་ཁག་༣ སྦེ་ཕྱེ་ཡོདཔ་བཞིན་དུ་ བདུན་ཕྲག་༢ ཀྱི་ཧེ་མར་ འབྲུག་ཉེན་བཅོལ་ལས་འཛིན་ལས་ཐོབ་མིའི་ ཉེན་བཅོལ་མ་དངུལ་དེ་ རྫོང་ཁག་གིས་ སྤྲོད་པའི་བསྒང་ལས་ ཁྱིམ་གུང་དག་པ་ཅིག་གིས་ དབྱེ་བ་ཁག༣ པ་ནང་ལས་ གཉིས་པའི་ནང་འཛུལ་ནི་ཟེར་ སླབ་ཡོདཔ་ཨིན་པས།
དེ་ཡང་གནོད་སྐྱོན་དབྱེ་བ་༣ ཡོད་པའི་གྲས་ལས་ དབྱེ་ཁག་དང་པ་དེ་གིས་ དངུལ་ཀྲམ་༥༠,༠༠༠ ཐོབ་དོ་ཡོདཔ་ད་ གཉིས་པ་གིས་༧༠,༠༠༠ དེ་ལས་ གསུམ་པ་གིས་ དངུལ་ཀྲམ་༡༠༠,༠༠༠ ཐོབ་དོ་ཡོདཔ་ཨིན་པས།
ཧཱ་ སྦྱིས་རྒེད་འོག་ལས་ ཁྱིམ་གུང་པ་༨ ཀྱིས་ དབྱེ་བ་༣ པ་ལས་༢ པ་ནང་འཛུལ་ནི་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ས་དམར་རྒེད་འོག་ལས་ ཁྱིམ་གུང་པ་༣ གྱིས་ ཨང་༢ པ་ནང་འཛུལ་ནི་ཟེར་ སླབ་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ གལ་སྲིད་ག་དེམ་ཅིག་སྦེ་ དབྱེ་བ་༣ པའི་རྒུད་འཐུས་ ལེན་དགོཔ་འདྲཝ་ཅིག་འབད་བ་ཅིན་ ཁྱིམ་དེ་ རྩ་བ་ལས་ར་ བརྡལ་བཏང་དགོཔ་སྦེ་ཡོདཔ་ད་ རྫོང་ཁག་གི་ ཁ་ཐུག་ལས་ ཁྱིམ་རྩ་བ་ལས་ར་ བརྡལ་བཏང་མི་ཚུ་ལུ་ རྒུད་འཐུས་ཆ་ཚང་སྦེ་ སྤྲོད་ཡོདཔ་ཨིན་རུང་ ཨང་༣ པའི་ནང་ཚུད་དེ་འབད་རུང་ ཁྱིམ་མ་བརྡལ་བར་ཡོད་མི་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་༧༠,༠༠༠ རྐྱངམ་གཅིག་སྤྲོད་ཡོདཔ་ཨིན་པས།
སྡོད་ཁྱིམ་དེ་ རྩ་བ་ལས་ར་བརྡལ་དཔ་འདྲཝ་ཅིག་འབད་བ་ཅིན་ རྒུད་འཐུས་ཆ་ཚང་སྦེ་ མ་ཐོབ་མི་ཚུ་ཡང་ ཐོབ་མིའི་གྲངས་སུ་ རང་བཞིན་གྱིས་ གནས་སྟངས་དང་བསྟུན་ཚུདཔ་ཨིན་ཟེར་ཨིན་པས།
ཧཱ་ སྦྱིས་རྒེད་འོག་ལས་ ཨང་༣ པ་ནང་ཚུད་མི་ རིན་ཆེན་ཟླ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒུད་འཐུས་ཆ་ཚང་སྦེ་ ཐོབ་ནིའི་དོན་ལུ་ ཁྱིམ་རྩ་བ་ལས་ར་ དལ་བཏང་དགོཔ་འདུག་ཟེར་ཨིནམ་ད་ ཁྱིམ་ལ་ལུ་ཅིག་ སྟེང་ཐོག་ལུ་ མི་སྡོད་མ་བཏུབ་ཐལ་སོ་རུ་ འོག་ཐོག་ལུ་ ལེགས་ཤོམ་སྦེ་ ཡོད་མི་ཚུ་ ཁྱིམ་རྩ་བ་ལས་བརྡལ་བཏང་མི་དེ་གིས་ མི་ངོ་དེ་ལུ་ གྱོང་རྒུད་ཕོག་ནི་མས་ཟེར་ཨིན་པས།
མ་གཞི་ཁྱིམ་རྐྱབ་པའི་སྐབས་ལུ་ ཁྱིམ་དེ་ སྒྲིང་སྒྲིང་དང་ བཙན་ཏོག་ཏོ་སྦེ་རྐྱབ་ནིའི་དོན་ལུ་འགན་ཁུར་འབག་ནི་དེ་ ཁྱིམ་གྱི་ཇོ་བདག་ལས་ལྷག་པའི་ མི་གཞན་ག་ལུ་ཡང་ ཚ་གྱང་མི་འོང་ཟེར་ཨིན་པས།
ས་དམར་རྒཔོ་ ཚེ་དབང་རྟ་མགྲིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཡོམ་གྱིས་གནོད་སྐྱོན་རྐྱབ་མི་ཚུ་ ཞིབ་དཔྱད་འབད་དེ་ དབྱེ་རིམ་ནང་བཙུགས་པའི་སྐབས་ལུ་ ཁྱིམ་ལ་ལུ་ཅིག་ གནོད་སྐྱོན་གནམ་མེད་ས་མེད་ མེད་མི་ཚུ་ ཨང་༡ པ་ནང་དང་ འདི་བ་ལྷགཔ་སྦེ་ཡོད་མི་ཚུ་ ཨང་༢ པ་ནང་བཙུགས་ཏེ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ཉེན་བཅོལ་འཐུས་སྤྲོད་པའིསྐབས་ལུ་ དབྱེ་རིམ་༣ པའི་ནང་ཚུད་ཡོད་མི་ཚུ་ག་ར་ རྩ་བ་ལས་རང་ བརྡལ་བཏང་དགོཔ་སྦེ་ སླབ་པའི་བསྒང་ལས་ གནོད་སྐྱོན་སྦོམ་སྦེ་མ་རྐྱབ་མི་ཚུ་གིས་ དབྱེ་བ་༣ པའི་ནང་མེན་པར་ དབྱེ་རིམ་༢ པའི་ནང་ར་བཏུབ་སྦེ་ སླབ་མི་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ དབྱེ་རིམ་༣ པའི་ནང་ཚུད་རུང་ ཁྱིམ་མ་བརྡལ་བར་བཞག་མི་ཚུ་ལུ་ རྒུད་འཐུས་ཆ་ཚང་སྦེ་ མ་སྤྲོད་པ་ཡོདཔ་ད་ ག་དེམ་ཅིག་སྦེ་ ཁྱིམ་རྩ་བ་ལས་ བརྡལ་བཏང་པ་ཅིན་ རྒུད་འཐུས་ཚུ་ཡང་ ཚངམ་སྦེ་ཐོབ་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

No comments:

Post a Comment