གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦྱོང་བརྡར་མཇུག་བསྡུའི་ ལག་ཁྱེར་བྱིན་ནི།

༥/༧/༢༠༡༢། ༉ ལས་གཡོག་ལྷན་ཁག་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་༢ ཀྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་མི་ འཕྲུལ་ཆས་སྦོམ་ལག་ལེན་གྱི་ སྦྱོང་བརྡར་ཐེངས་༢ པ་དེ་ མཇུག་བསྡུ་ཡོདཔ་ལས་ ད་རིས་ སྦྱོང་བརྡར་བ་ཚུ་ལུ་ མཇུག་བསྡུའི་ལག་ཁྱེར་ཚུ་ བྱིན་ནི་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ མི་གྲངས་༢༠ གིས་ བཅའ་མར་གཏོགས་ཡོདཔ་ད་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ཡང་ སྦྱོང་བརྡར་ཐེངས་དང་པའི་ གྲུབ་འབྲས་ལེགས་ཐོན་བྱུང་མི་དང་ རྒྱལ་ཁབ་ཀྱི་ བཟོ་སྐྲུན་ལས་སྡེ་ཚུ་ནང་ འཕྲུལ་ཆས་སྦོམ་ ལག་ལེན་འཐབ་མི་ ཉམས་མྱོང་ཅན་ཚུ་ དགོས་མཁོ་སྦོམ་ཡོད་མི་ལུ་བརྟེན་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


དུས་ཅི་ སྤྱི་ཟླ་༢ པའི་ཚེས་༦ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༦ པའི་ཚེས་༢༦ ཚུན་འབདཝ་ད་ བསྡོམས་ཀྱིས་ བདུན་ཕྲག་༧ གྱི་རིང་ སྦྱོང་བརྡར་འགོ་འདྲེན་འཐབ་པའི་སྐབས་ བདུན་ཕྲག་༣ ཡིག་ཐོག་དང་ བདུན་ཕྲག་༤ དབང་འདུས་ཕོ་བྲང་ ཧེ་སོ་ཐང་ཁ་ལུ་སྦེ་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཟླཝ་༣ གྱི་རིང་ པཱན་སྦང་དང་ ལྡི་དགའ་ལ་ བསམ་གྲུབ་ཆོས་གླིང་ དེ་ལས་ ཧེ་སོ་ཐང་ཁ་ལུ་ཡོད་པའི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ འཕྲུལ་ཆས་ལག་ལེན་པ་ ཉམས་མྱོང་ཅན་ཚུ་དང་གཅིག་ཁར་ མཉམ་སྦྲགས་ཐོག་ སྦྱོང་བརྡར་འབད་བཅུག་ཡི་ཟེར་ ལས་གཡོག་ལྷན་ཁག་ལས་ལྷོད་མི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
དེ་གི་སྐབས་ལུ་ ཉམས་མྱོང་ཅན་གྱི་ འཕྲུལ་ཆས་ལག་ལེན་པ་ཚུ་གིས་ སྦྱོང་བརྡར་པ་ཚུ་ལུ་ འཕྲུལ་ཆས་སྦོམ་ཚུ་ ལག་ལེན་འཐབ་ཐངས་ལས་ འགོ་བཙུགས་ཏེ་ ཉམས་བཅོས་འབད་ཐངས་དང་ ཉེན་སྲུང་གི་ཐབས་ལམ་ དབྱེ་ཞིབ་འབད་ཐངས་ དེ་ལས་ འཕྲུལ་ཆས་ཀྱི་ ཡན་ལག་ཅ་ཆས་ཚུ་ ག་དེ་སྦེ་ མཐུད་ནི་ཨིན་ནའི་སྐོར་ལས་ བཏོན་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྦྱོང་བརྡར་མཇུག་བསྡུ་མི་དང་འབྲེལ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལས་ འགོ་དཔོན་ཚུ་ཡང་ཡོད་པའི་ ཚོགས་པ་ཅིག་གིས་ སྦྱོང་བརྡར་པ་ཚུ་གི་ ཡིག་བྲིས་དང་ ལག་ལེན་དངོས་བསྟར་གྱི་ ཤེས་ཡོན་ཚུ་གི་སྐོར་ལས་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ ཡུན་བརྟན་གོང་འཕེལ་ལྷན་ཚོགས་ཀྱི་ སྒེར་སྡེའི་མི་སྟོབས་གོང་འཕེལ་ ལས་འགུལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ ཏཱཇི་བཀྲིས་ཟ་ཁང་ནང་སྦེ་ ལག་ཁྱེར་ཚུ་ ལས་གཡོག་ལྷན་ཁག་གི་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་  གནང་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment