གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་ག་ལྷོད་བཀོག་མི་ཚུ་ལས་ ཉེས་བྱ་དངུལ་ཀྲམ་༣༢,༠༠༠ བསྡུ་ལེན་འབད་ཡོདཔ།

ག་ལྷོད་བཀོག་བཞག་མི་ ཕྱགས་སྙིགས་ཚུ།

༥/༧/༢༠༡༢། ༉ ཕུན་ཚོགས་གླིང་ ཁྲོམ་སྡེ་ཡིག་ཚང་གིས་ སྤྱི་ཟླ་༧ པའི་ཚེས་༣ ལུ་ ཕུན་ཚོགས་གླིང་ ཁྲོམ་ཁར་སྡོད་མི་ཚུ་ལས་ ཉེས་བྱ་ དངུལ་ཀྲམ་༣༢,༠༠༠ བསྡུ་ལེན་འབད་ཡོདཔ་ད་ དེ་ཡང་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཕྱགས་སྙིགས་བཀག་སྡོམ་དང་འཛིན་སྐྱོང་ཁྲིམས་ལུགས་༢༠༡༢ ཅན་མ་ལས་ འགལ་བའི་ ལཱ་འབད་མི་ལུ་བརྟེན་ཏེ་ ཉེས་བྱ་ཚུ་བཀལ་ཡོདཔ་ཨིན་པས།
ཕྱགས་སྙིགས་བཀག་སྡོམ་དང་འཛིན་སྐྱོང་ཁྲིམས་ལུགས་དང་འཁྲིལ་ ཉེས་བྱ་ཚུ་ དངུལ་ཀྲམ་༡༠༠ ལས་༢༠,༠༠༠ གི་བར་ན་ བཀལ་ཡོདཔ་ཨིན་པས།


མི་སེར་ཚུ་གིས་ ཕྱགས་སྙིགས་བཀོག་མ་ཆོག་པའི་ས་ཁོངས་ནང་དང་ ལ་ལུ་ཅིག་གིས་ ཆུ་གཡུར་ནང་ ལམ་བདའ་སྟེ་ དེ་ལས་ ལ་ལུ་ཅིག་གིས་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ཚུ་ནང་ཡང་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འཐབ་མི་ལུ་བརྟེན་ཏེ་ ཉེས་བྱ་ཚུ་ བཀལ་ཡོདཔ་ཨིན་པས།

རང་བཞིན་གནས་སྟངས་འགོ་དཔོན་ འཇིགས་མེད་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ཕྱགས་སྙིགས་བཀག་སྡོམ་དང་ འཛིན་སྐྱོང་ཁྲིམས་ལུགས་ཀྱི་སྐོར་ལས་ འདས་པའི་ཟླཝ་ནང་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་བཞིན་དུ་ ད་རེས་ སྤྱི་ཟླ་༧ པའི་ཚེས་༣ ལས་རྐྱངམ་གཅིག་ ཉེས་བྱ་བཀལ་ནི་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
ད་ལས་ཕར་ མི་སེར་ཚུ་གིས་ ཁྲིམས་ལུགས་དེ་ལུ་ མ་གནས་པ་ཅིན་ ལམ་ལུགས་དང་འཁྲིལ་ཏེ་ ཉེས་བྱ་ཚུ་ཡངས་ཆག་མེད་པར་ བཀལ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་འགོ་དཔོན་ཚུ་ སྡེ་ཚན་༥ སྦེ་ཕྱེ་ཞིནམ་ལས་ བདུན་ཕྲག་རེ་ལུ་ ཁྲོམ་ཚར་རེ་ ཞིབ་དཔྱད་འབད་ནི་ཟེར་ཨིནམ་ད་ གལ་་སྲིད་ ག་དེམ་ཅིག་སྦེ་ ད་ལྟོའི་གནས་སྟངས་ལས་ ཡར་དྲག་མེད་པ་ཅིན་ ཐད་ཀར་དུ་ ཉེས་བྱ་བཀལ་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ད་རུང་ འཕྲོད་བསྟེན་ལྟ་རྟོག་པ་༦ གསར་བཙུགས་འབད་ནི་ཨིནམ་བཞིན་དུ་ ཁོང་གིས་ ཁྲོམ་ཁར་ ཞིབ་དཔྱད་འབད་ཞིནམ་ལས་ ཕྱིགས་སྙིགས་ག་ལྷོད་བཀོག་མི་ཚུ་ལུ་ ཉེས་བྱ་ཚུ་བཀལ་ནི་ཟེར་ཨིན་པས།
འཇིགས་མེད་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཕུན་ཚོགས་གླིང་གི་ཁྲོམ་དེ་ ཁམས་ལོག་སི་སི་སྦེ་ཡོད་པ་ཅིན་ དེ་འཕྲོ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ཁ་བཏངམ་མས་ཟེར་ཨིནམ་ད་ ཁྲོམ་སྡེའི་ཁ་ཐུག་ལས་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཚུ་ བཏང་དོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕྱགས་སྙིགས་འབག་མི་འོང་མས་ཟེར་ཨིན་པས།
སྣུམ་འཁོར་འགྱོ་ཚར་བའི་ཤུལ་ལུ་ ཕྱགས་སྙིགས་འབག་འོང་ཞིནམ་ལས་ མནོ་བསམ་བཏང་ནི་མེད་པར་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོཝ་མས་ཟེར་ཨིན་པས།
ཁྲོམ་སྡེ་གི་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཊག་དེ་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་ཊོན་༨.༦ དེ་རེ་ ས་གནས་ ཊོ་ལ་བཱ་རི་ཟེར་ས་ལུ་ བཀོག་དོ་ཟེར་ཨིན་པས།
ཁྲོམ་དཔོན་ ཚེ་བརྟན་རྡོ་རྗེ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་དེ་ ས་མཚམས་ཁའི་ཁྲོམ་སྡེ་ཅིག་ཨིནམ་ལས་ ཉེས་བྱ་བཀལཝ་ད་ དཀའ་ངལ་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཟླཝ་༡ དང་༢ ཀྱི་ནང་འཁོད་ནང་ལུ་ར་ བསྒྱུར་བཅོས་འགྱོ་ནི་གི་ རེ་བ་བསྐྱེད་དོ་ཡོད་མི་དེ་ཡང་ ཉེས་བྱ་ཚར་༡ དང་༢ བཏབ་པའི་བསྒང་ལས་ ག་ར་གིས་ དྲན་སྟོན་ཐོག་ལས་འབད་བའི་རེ་བ་ཡོད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment