གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོ་འགྲན་ཅན་གྱི་ ལོ་ཐོག་སྲུང་སྐྱོབ་ལུ་བརྟེན་ སོ་ནམ་ཞིང་ལཱ་ལས་ སྒོ་ནོར་འཚོ་སྐྱོང་ལུ་ཁ་སྒྱུར།

ཟླ་༣ པའི་ཚེས་༢༧།
༡༧/༥༢༠༡༢

མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་མ་འབད་བར་ སྟོངམ་སྦེ་བཞག་མི་ས་ཞིང་།
༉ གོང་འཕེལ་སྦོམ་མ་འགྱོ་མི་ བུམ་ཐང་ཆུ་སྨད་རྒེད་འོག་ ཨུམ་གསང་གཡུས་ཚན་དེ་ཨིན་པའི་ཁར་ གཡུས་ཚན་དེ་ནང་གི་ མི་སེར་ག་ར་ སོ་ནམ་ལཱ་ལུ་ བརྟེན་སྡོད་མི་ཨིན་རུང་ ལཱ་མ་འབད་བར་ ཞིང་སྟོངམ་སྦེ་ བཞག་ས་མཐོང་གསལ་བྱུངམ་ཨིན་པས།


དེ་ཡང་ གཡུས་ཚན་དེ་ ནགས་ཚལ་གྱིས་ སྐོར་ཏེ་ཡོད་ནི་དེ་གིས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ ཞིང་སྟོངམ་སྦེ་བཞག་ཞིནམ་ལས་ མི་སེར་ཚུ་གིས་ སྒོར་ནོར་སེམས་ཅན་ གསོ་སྐྱོང་འབད་ནི་དང་ ཐགས་ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༢༦ ལང་མི་ བདེ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་བཟའ་ཚང་ནང་ སྐལ་བགོ་རྐྱབ་པའི་སྐབས་ མོ་ལུ་ ས་ཆ་ཨེ་ཀར་ལྷགཔ་ཅིག་ཐོབ་ཡོད་རུང་ འདས་པའི་ལོ་ངོ་༧ དེ་ཅིག་ལས་ སོ་ནམ་གྱི་ལཱ་མ་འབད་བར་ བཞག་ཡོད་ཟེར་ཨིན་པས།
གལ་སྲིད་ མོ་གིས་ སོ་ནམ་གྱི་ལཱ་འབད་རུང་ བྱི་ཐུར་དང་ ཤཝ་ ཀ་ཤ་ ཕགཔ་ཚུ་གིས་ གནོདཔ་བཀལ་ཏེ་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་མི་ཚུགསཔ་ལས་ སྒོ་ནོར་འཚོ་སྐྱོང་གི་དོན་ལུ་ ས་ཆ་ཨེ་ཀར་༣ ནང་ ནོར་གྱི་རྩྭ་ཆག་ཚུ་ བཏབ་ཐོག་ལས་ གདུང་སྦིས་ཐང་གི་ ཇར་སི་ནོར་གསོ་སྐྱོང་ཁང་ལས་ བ་༣ ཉོ་སྟེ་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
བདེ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་གི་ལོ་ནང་ ཚོད་བསྲེ་ཀེ་བ་བཙུགས་རུང་ བྱི་ཐུར་གྱིས་ག་ར་ གནོདཔ་བཀལ་ཏེ་ དཀའཝ་སྤྱད་པའི་གྲུབ་འབྲས་ཐོབ་མ་ཚུགས་ནི་དེ་གིས་ ཞིང་ལཱ་འབད་ནི་དེ་ བཀོག་བཞག་ཅི་ཟེར་ཨིནམ་ད་ སྤྱིར་བཏང་གཡུས་ཚན་དེ་ནང་ ཚོད་བསྲེ་གི་རིགས་ག་ར་ འཚོ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༩ ལང་མི་ གནམ་སྒང་གིས་ཡང་ ས་ཆ་ཨེ་ཀར་༥ ཡོད་མིའི་ནང་ ལོ་ཐོག་ སོ་ནམ་གྱི་ལཱ་འབད་རུང་ དེ་གིས་ཕན་ཐོགས་བྱུང་མ་ཚུགསཔ་ལས་ ཞིང་ལཱ་འབད་ནི་བཤོལ་བཞག་སྟེ་ མོ་གིས་ཡང་ འཕྲལ་ཁམས་ཅིག་ཁར་ དངུལ་ཀྲམ་༢༣,༠༠༠ སྤྲོད་ཐོག་ལས་ གདུང་སྦིས་ཐང་ལས་ ཇར་སི་བ་ཉོ་སྟེ་ ནོར་གསོ་སྐྱོང་འཐབ་ནི་ འགོ་བཙུགས་ཏེ་ ཨོམ་གྱི་རིགས་ཚུ་ ཆུ་སྨད་ ཨོམ་འཕྲུལ་ཁང་ནང་ བཙུགས་དོ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་དང་ ཚོད་བསྲེ་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ གཡུས་ཁའི་མི་ཚུ་གིས་ བཤད་པའི་ཁར་ ནོར་གསོ་སྐྱོང་གི་དོན་ལུ་ བཏབ་བཞག་མི་ རྩྭ་ཚུ་ཡང་ ཤཝ་དང་ ཀ་ཤ་གིས་ ཟ་བར་འོངམ་མས་ཟེར་་ཨིན་པས།
གཡུས་མི་ཚུ་གིས་ ཐབས་ཤེས་བཏོན་ཐོག་ལས་ ཡ་ཁྲ་འཐག་ནི་འགོ་བཙུགས་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ན་གཞོན་གོང་འཕེལ་ལྟེ་བའི་ཁྲི་འཛིན་ མམི་དབང་རྒྱལ་ཡུམ་ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ ཐགས་རིགས་ལྟེ་བ་ འགོ་བཙུགས་གནང་མི་གིས་ ཐན་ཐོགས་སྦོམ་ར་བྱུང་ཡི་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གྱི་མཐའ་འཁོར་ལས་ཕར་ ས་ཆ་ག་ནི་བ་དགའ་བའི་ ས་ཐང་སྦེ་ཡོད་དེ་འབད་རུང་ ག་ར་ཚལ་མ་ལུ་གྱུར་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment