གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་གི་གོང་ཚད་མཐོ་རུང་ མི་སེར་ལུ་ ཕན་ཐབས་ཡོདཔ།

གསང་སྦས་ཁ་ལུ་ ཕུད་རྡོག་གཅིག་ལས་མེད་མི་ སྣ་ཚོགས་ཚོང་ཁང་།
༥/༥/༢༠༡༢

༉ ཧཱ་གསང་སྦས་རྒེད་འོག་ལྟེ་བ་ནང་གི་མི་སེར་ཚུ་ལུ་ གདམ་ཁ་ཅིག་ལས་མེད་མི་དེ་ཡང་  ས་གནས་ཀྱི་ མི་སེར་ག་ར་གིས་ ཚོང་ཁང་ཕུད་རྡོག་༡ ཡོད་མིའི་ནང་ལས་ ཉོ་ཚོང་རྐྱབ་དགོཔ་ཨིན་པས།
རྒེད་འོག་དེ་ ཁྲོམ་ལྟེ་བ་ལས་ ཐག་རིང་གི་ ས་གནས་ཁར་འབད་ནི་དེ་གིས་ སྐྱ་ནམ་གྱི་ གོང་ཚད་ཚུ་ཡང་ ལོག་བལྟབ་ ཀྱིས་མཐོཝ་སྦེ་ ཡོདཔ་ཨིན་པས།



ཁྲོམ་ཁ་ཨིན་པ་ཅིན་ ཝའི་ཝའི་ཤོག་སྒམ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠ རེ་གནས་དོ་ཡོདཔ་ཨིན་རུང་ རྒེད་འོག་ནང་ལྷོད་པའི་བསྒང་ལས་ དངུལ་ཀྲམ་༡༥ ལུ་ཡར་སེང་སོང་བའི་ཁར་ དེ་དང་འདྲཝ་སྦེ་ བསིལ་ཆུ་དངུལ་ཀྲམ་༢༥ འབད་མི་ལུ་ དངུལ་ཀྲམ་༤༥ རེ་གནསཔ་ཨིན་པས།
ཚོང་དཔོན་ བསོད་ནམས་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་གི་ གོང་ཚད་ཡར་སེང་མ་རྐྱབ་པར་ ཐབས་རང་མེད་ཟེར་བཀོད་མི་དེ་ཡང་ ཚོང་ཆས་ཚུ་ གནམ་འབྱ་གི་སྐབས་ ཧཱ་ཁྲོམ་ཁ་ལས་འབག་འོང་དོ་ཡོད་པའི་ཁར་ གནམ་དགུན་གྱི་སྐབས་ བསམ་རྩེ་སིབ་སུ་ལས་ འབག་འོངམ་ད་ དོས་གླ་ཚུ་སྦོམ་སྦེ་ར་གནསཔ་ཨིན་ཟེར་ཨིན་པས།
འཁོར་ལམ་མེད་པའི་ས་གནས་ལས་ གསང་སྦས་ཁ་ཚུན་ རྟ་རེ་ལུ་དོས་གླ་ ཉུང་ཤོས་དངུལ་ཀྲམ་༡,༥༠༠ རེ་སྤྲོད་དགོཔ་ལས་ གལ་སྲིད་ ང་བཅས་ཀྱིས་ ཚོང་གི་གོང་ཚད་ཚུ་ ཁྲོམ་ཁའི་གོང་ཚད་བཟུམ་སྦེ་ བཙོང་པ་ཅིན་ ཁེ་སང་ཕར་བཞག་ རྒུད་ཕོག་ནི་ཨིནམ་བཞིན་དུ་ ཟླཝ་དག་པ་ཅིག་ལས་ ཚོང་ཁང་སྟོངམ་ཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་ཁང་༡ ལས་བརྒལ་མེད་ནི་དེ་གིས་ ཁག་ཆེ་བའི་ཅ་ཆས་ཚུ་ཚོང་ཁང་ དེ་ནང་ལས་ར་ ཉོ་དོ་ཟེར་ཨིནམ་ད་ སྤྱིར་བཏང་ཁྲོམ་དང་ཕྱདཔ་ད་ གོང་ཚད་དུམ་གྲ་ཅིག་ མཐོ་སུ་སྦེ་ཡོད་རུང་ ཁྲོམ་ལས་ ས་གནས་ཐག་རིང་ནི་དེ་གིས་ ཁོང་གི་ དཀའ་སྡུག་ཚུ་ཡང་ ང་བཅས་ཀྱིས་ ཧ་གོ་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ཅིག་ ཨིན་མི་ རིན་ཆེན་མཁའ་འགྲོ་གིས་འབད་བ་ཅིན་ ཁོང་གིས་ གནམ་དགུན་ ངལ་གསོ་ལས་ལོག་འོང་བའི་སྐབས་ ཅ་ལ་སྦོམ་ དཔེར་ན་ ཆུམ་དང་ མར་ཁུ་ཚུ་ ཁྲོམ་ཁ་ལས་ཉོ་འབག་འོང་དོ་ཡོདཔ་ཨིན་རུང་ ཚྭ་དང་ གུ་རམ་ ཁ་ཟས་ ལ་སོགས་པ་ཚུ་ ཚོང་ཁང་དེ་ནང་ལས་ར་ ཉོ་ཟ་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ནང་ ཚོང་ཁང་མ་པ་ལས་ར་ མེདཔ་ལས་ གཅིག་ཡོད་མི་དེ་གིས་ ཁག་ཆེ་བའི་སྐབས་སུ་ ཕན་སྦོམ་སྦེ་ར་ ཐོག་ཚུགས་པས་ཟེར་ཨིན་པས།
ཚོང་དཔོན་ཚུ་གིས་ དཀའ་སྡུག་ལུ་མ་བལྟ་བར་ ཚོང་ཁང་བཙུགས་སྡོད་མི་དེ་ ཁེ་སང་དུམ་གྲ་ཅིག་ ཐོབ་པའི་རེ་བ་ལུ་བརྟེན་ཏེ་ཨིནམ་ལས་ གནས་སྟངས་ཚུ་ ཧ་གོ་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment