གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལ་ཞབས་ཏོག་མཐུན་རྐྱེན་གྱི་གནད་དོན་སྐོར་ བསམ་འཆར་བསྡུ་ལེན་གསལ་ཞུ།

༤/༥/༢༠༡༢

ན་ཧིང་གི་ལྟ་བཤལཔ་ཚུ་དང་འཁྲིལ་བ་ཅིན་ སྣུམ་འཁོར་ལམ་དང་ མགྱོན་ཁྱིམ་གྱི་སྤུས་ཚད་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ནང་ གཙོ་བོར་སྟོན་དགོཔ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།


༉ ན་ཧིང་ འབྲུག་ལུ་འོང་མི་ ལྟ་བཤལཔ་ཚུ་ལུ་ འབྲུག་གི་ལྟ་བཤལ་ཞབས་ཏོག་དང་ མཐུན་རྐྱེན་གྱི་སྐོར་ལས་ བསམ་འཆར་བསྡུ་ལེན་འབད་མི་དང་འཁྲིལཝ་ད་ བརྒྱ་ཆ་༢༧.༧༨ དེ་ཅིག་གི་རྩིས་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ ཡར་དྲག་བཟོ་དགོ་པའི་བསམ་འཆར་བཀོད་ཡོདཔ་ཨིན་པས།
ཨིན་རུང་ རང་སོའི་བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་མི་དེ་ཡང་ ལ་ལུ་ཅིག་གིས་ འབྲུག་གི་ལྟ་བཤལ་གནས་སྟངས་དེ་ ད་ལྟོ་ག་ཨིནམ་སྦེ་ར་ བཞག་དགོ་པའི་ བསམ་འཆར་བཀོད་མི་ཡང་ ཐོན་ཡི་ཟེར་ཨིན་པས།
བསམ་འཆར་བཀོད་མི་ བརྒྱ་ཆ་༢༧ ལྷགཔ་ཅིག་ཡོད་པའི་གྲས་ལས་ བརྒྱ་ཆ་༡༩ ལྷགཔ་ཅིག་གིས་ སྣུམ་འཁོར་ལམ་གྱི་གནས་སྟངས་སྐྱོ་དྲག་ཡོད་མི་ཚུ་ གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིནམ་ད་ སྣུམ་འཁོར་འགྲོ་འགྲུལ་འབདཝ་ད་ ཉེན་ཁ་དང་ གནོད་སྐྱོན་ཚུ་མེདཔ་སྦེ་བཟོ་དགོཔ་འདུག་ཟེར་ རང་སོའི་འཆར་སྣང་ཚུ་བཤད་ཡོདཔ་ཨིན་པས།
ལྟ་བཤལཔ་ལ་ལུ་ཅིག་གིས་འབད་བ་ཅིན་ སྣུམ་ཁོར་ལམ་བདའ་སྟེ་ ཆུ་གཡུར་ཚུ་ ལེགས་ཤོམ་མེདཔ་མ་ཚད་ ཁྲོམ་ལམ་བདའ་སྟེ་ཡོད་པའི་ཆུ་གཡུར་ཚུ་ཡང་ ཁམ་ལོག་སི་སི་དང་ རྡོག་མ་གི་ཚིལ་མ་ ག་ལྷོད་བཀོག་བའི་ གནས་སྟངས་ཐབས་སྐྱོ་དྲག་དེ་གིས་ ཁྲོམ་གཙང་སྦྲ་དང་ལྡན་ཏོག་ཏོ་གི་ མཐོང་གསལ་མི་བྱུང་པས་ཟེར་ སླབ་ཨིན་པས།
མགྱོན་ཁྱིམ་དང་ ཟ་ཁང་དང་འབྲེལ་བའི་གནད་དོན་སྐོར་ལས་བསམ་འཆར་བཀོད་མི་ བརྒྱ་ཆ་༢༧ དེ་ཅིག་ཡོད་མི་ལས་ བརྒྱ་ཆ་༡༣ ལྷགཔ་ཅིག་གིས་ བཞེས་སྒོའི་སྤུས་ཚད་ཡར་དྲག་བཟོ་དགོཔ་འདུག་ཟེར་བཀོད་མི་དེ་ཡང་ བཞེས་སྒོའི་ལྷམ་པ་ཚུ་ གཞན་དང་ཕྱདཔ་ད་ཉུང་སུ་ཅིག་ལས་ མིན་འདུག་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ བརྒྱ་ཆ་༡༢ དེ་ཅིག་གིས་ འབྲུག་གི་ཟ་ཁང་དང་ མགྱོན་ཁྱིམ་གྱི་ སྤུས་ཚད་ཚུ་ འོས་འབབ་དང་ལྡནམ་སྦེ་ མིན་འདུག་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ཡང་ བསམ་འཆར་བཀོད་མི་ལེ་ཤ་ཅིག་ར་ཐོན་ཡོདཔ་བཞིན་དུ་ ལྟ་བཤལཔ་བརྒྱ་ཆ་༡༡ ལྷགཔ་ཅིག་གིས་ གཞུང་ལམ་བདའ་སྟེ་ མི་མང་གསང་སྤྱོད་ཀྱི་དགོས་མཁོ་ཚུ་ སྦོམ་ར་འདུག་ཟེར་ཨིནམ་ད་ མཐུན་རྐྱེན་དེ་ཚུ་མེདཔ་ལས་ ལམ་འགྲུལ་འབདཝ་ད་ བྱ་སྟབས་མ་བདེཝ་བྱུངམ་མས་ཟེར་ ཨིན་པས།
ལྟ་བཤལ་ལུ་འོང་མི་ཚུ་གིས་འབད་བ་ཅིན་ ལྟ་བཤལ་པའི་དོན་ལུ་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ཚུ་གི་ ཞབས་ཏོག་མཐུན་རྐྱེན་མེད་ནི་དེ་གིས་ བྱ་སྟབས་མ་བདེཝ་ཚུ་ ཡོདཔ་ལས་ དེ་ཚུ་བསལ་ནིའི་ཐབས་ཤེས་སྟོན་དགོཔ་སྦེ་སླབ་ཨིན་པས།
ཁྲོམཁར་ སྤྱང་ཁྱི་ལེ་ཤ་མཐོང་གསལ་བྱུང་ཡོད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་གནས་སྟངས་ཡོད་ལུགས་ཀྱི་ཉོགས་བཤད་བཀོད་མི་ཡང་ཡོད་རུང་ ན་ཧིང་གི་ ཞིབ་འཚོལ་དང་འཁྲིལཝ་ད་ དཀའ་ངལ་དེ་ཚུ་ལེ་ཤ་གིས་ མར་བབས་སོང་ཡོད་པའི་ གསལ་སྟོན་བྱུང་ནུག།
ན་ཧིང་གི་ དྲི་བཀོད་ཐོག་ལུ་ བསམ་འཆར་བསྡུ་ལེན་གྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་གི་ལྟ་བཤལ་གནས་སྟངས་གོང་འཕེལ་གྱི་དོན་ལུ་ གཙོ་བོ་ར་ སྣུམ་འཁོར་ལམ་དང་ ཕྱགས་སྙིགས་འཛིན་སྐྱོང་ དེ་ལས་ ཟ་ཁང་དང་མགྱོན་ཁྱིམ་གྱི་ སྤུས་ཚད་ལེགས་ལྡན་བཟོ་ནི་ཚུ་ནང་ གཙོ་རིམ་བཟུང་དགོཔ་ཡོདཔ་སྦེ་ གསལ་བཀོད་འབདཝ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment