གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གསརཔ་༢ ཐོ་བཀོད་ཀྱི་དོན་ལུ་ གྲ་སྒྲིག་མེདཔ།

༤/༥༥/༢༠༡༢

ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་མི་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་གསུམ་ཚོགས་པ་༢ ལུ་ སྟབས་མ་བདེཝ་སྦོམ་མེདཔ།

༉ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་དང་པའི་ནང་ དོ་འགྲན་འབད་མི་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཕྱེད་ཀ་དེ་ཅིག་གིས་ སང་ཕོད་ཀྱི་ བཙག་འཐུའི་ནང་ ལོག་སྟེ་ར་ བཅའ་མར་གཏོགས་ནི་གི་ གཏན་འཁེལ་ཡར་སོ་ཡི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།



དེ་ཡང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ སྤྱི་ཚོགས་ཀྱི་ སྡོད་ཁྲི་༤༧ ཡོད་མི་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ སྡོད་ཁྲི་༢ རྐྱངམ་གཅིག་ ཐོབ་པའི་ཤུལ་ལུ་ ཚོང་པ་དེ་གི་ འདེམས་ངོ་མང་ཤོས་ར་ རང་སོའི་གྲོས་སྟོན་ལས་སྡེ་དང་ སྒེར་སྡེ་ ལས་འཛིན་ དེ་ལས་ གཞུང་མིན་ལས་ཚོགས་ཚུ་ནང་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཧེ་མའི་འདེམས་ངོ་ལ་ལུ་ཅིག་གིས་ མཐའ་མའི་གྲོས་ཐག་བཅད་ནི་གི་དོན་ལུ་ དུས་ཚོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ དག་པ་ཅིག་གིས་ ལོག་བཙག་འཐུའི་ནང་ བཅའ་མར་མི་གཏོགས་ནི་སྦེ་ ཐག་བཅད་ཡོད་མ་ཚད་ མི་༣ དང་༤ དེ་ཅིག་གིས་ ཚོགས་པ་ལས་ དགོངས་ཞུ་འབད་དེ་ སྲིད་ཚོགས་གསརཔ་འགོ་བཙུགས་ཐོག་ལས་ འདེམས་ངོ་མེད་པའི་ འདེམས་ཁོངས་ཚུ་ནང་ འདེམས་ངོ་གསརཔ་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་པའི་ཁྲིམས་ཡིག་ དུས་མཐུན་བཟོ་བའི་བསྒང་ཡོདཔ་མ་ཚད་ ཚོགས་པའི་ལྟ་བ་ཡང་ མ་འདྲཝ་ཅིག་དང་ དྭངས་གསལ་སྦེ་ བཟོ་ནི་གི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
ད་རུང་ སྲིད་ཚོགས་དེ་གིས་ དུས་ཅི་ལས་ ཚོགས་པའི་ནང་ འཐུས་མི་འཛུལ་ཞུགས་ཀྱི་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་ད་ མི་རེ་ལས་ འཐུས་མི་འཛུལ་ཞུགས་ཀྱི་ འཐུས་དངུལ་ཀྲམ༡༠༠ རེ་དང་ ལོ་བསྟར་གྱི་འཐུས་ དངུལ་ཀྲམ་༡,༢༠༠ ལུ་ ཡར་སེང་རྐྱབ་ཐོག་ལས་ ཐིམ་ཕུ་རྐྱངམ་གཅིག་ལས་ར་ འཐུས་མི་༢༥༠ གི་ དམིགས་གཏད་འབད་མི་དེ་ ཧ་ལམ་ གྱངས་ཁ་ཚང་ནི་འབད་དོ་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ འཐུས་མི་གསརཔ་འཛུལ་མི་ཚུ་ ངོས་ལེན་འབད་ནི་ འགོ་བཙུགས་ཡོདཔ་ད་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལས་རྒྱ་མཚོ་གིས་ སླབ་མིའི་ནང་ འཐུས་མི་འཛུལ་ཞུགས་ཀྱི་ བསྐུལ་མ་འབད་ནི་ འགོ་བཙུགས་བཙུགསཔ་མེད་རུང་ ཚོགས་པ་དེ་ནང་ འཛུལ་ནི་གི་ དང་འདོད་བསྐྱེད་དེ་ ཚོགས་པའི་ཡིག་ཚང་ནང་འོང་མི་ཚུ་ལུ་ ངོས་ལེན་འབད་དོ་ཟེར་ཨིན་པས།
ཚོགས་པ་གཞི་བསྒྱུར་འབད་ནིའི་ཐད་ལུ་ ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ད་ལྟོའི་སྤྱི་ཚོགས་དེ་ རྩ་གྲོལ་སོང་ཞིནམ་ལས་ འོག་བཙུག་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་དང་པའི་དོན་ལུ་ ཟད་འགྲོ་བཏང་ཡོད་པའི་བུ་ལོན་ དངུལ་ཀྲམ་ས་ཡ་༡.༣ དེ་ཅིག་ ད་ལྟོའི་བར་ན་ཡང་ བརྡ་བརྒྱུད་ལས་ཁང་སོ་སོ་ལུ་ མ་སྤྲོད་པར་ཡོདཔ་ད་ སྲིད་ཚོགས་དེ་ ཐོ་བཀོད་ཐོག་ལུ་ གནས་དགོ་པ་ཅིན་ བུ་ལོན་འཁྲི་མི་དེ་ ད་རེས་ཀྱི་ སྤྱི་ཟླ་༦ པའི་ཚེས་༣༠ གི་ཧེ་མར་ བཏབ་དགོཔ་ཨིན་པས།
དེ་ལས་ ཟླཝ་༥ དེ་ཅིག་གི་ཧེ་མར་ སྲིད་ཚོགས་གཞི་བཙུགས་ཀྱི་ དང་འདོད་ཡོད་ལུགས་ གསལ་བསྒྲགས་འབད་ཡོད་རུང་ སྲིད་ཚོགས་གསརཔ་༢ ཆ་ར་གིས་ ད་ལྟོ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་མ་འབད་བར་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ང་བཅས་ཀྱི་ སྲིད་ཚོགས་ནང་ གཏན་འཁེལ་སོང་མི་ འདེམས་ངོ་༥ དང་༦ དེ་ཅིག་གིས་མ་གཏོགས་མེད་པའི་ཁར་ འདེམས་ངོ་གཞན་ཚུ་གི་ ཐག་བཏོག་མ་ཚུགས་པར་ཡོད་ཟེར་ འབྲུག་མི་སེར་ཚོགས་པའི་ འཐུས་མི་གཙོ་ཅན་ཅིག་ཨིན་མི་ དཔལ་འབྱོར་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུའི་བཅའ་ཡིག་ནང་ སྲིད་ཚོགས་ཐོ་བཀོད་མ་འབད་བའི་ཧེ་མར་ འདེམས་ངོ་༤༧ ག་ར་ ཚང་དགོཔ་སྦེ་འདུག་ཟེར་ཨིནམ་ད་ ཚོགས་པ་དེ་ ད་ལྟོ་ ཐོ་བཀོད་མ་འབད་བར་ཡོདཔ་ལས་ འོས་འབབ་ཅན་གྱི་ མི་ངོ་ཚུ་གིས་ དུས་ཚོད་འཕྲོ་བརླག་ཅིག་ལས་བརྒལ་ མི་འོང་ནི་མས་མནོ་སྟེ་ ཚོགས་པའི་འདེམས་ངོ་སྦེ་ འཛུལ་ནི་ལུ་ ངོས་ལེན་འབད་མི་བཏུབ་པས་ཟེར་ སླབ་ཨིན་པས།
དཔལ་འབྱོར་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ཁོངས་མང་ཤོས་ཅིག་ནང་ འདེམས་ངོའི་དོན་ལུ་ འོས་འབབ་ཅན་གྱི་ མི་ངོ་ཚུ་ ལེ་ཤ་ཡོད་རུང་ ཁོང་གི་དོན་ལུ་ སྲིད་ཚོགས་ལངམ་སྦེ་ མིན་འདུག་ཟེར་ཨིནམ་ད་ ཁོང་གི་ སྲིད་ཚོགས་ཀྱིས་ སྲིད་དོན་ནང་ འཛུལ་ནི་དང་ རང་སོའི་འདེམས་ཁོངས་ཀྱི་ མི་ངོ་སྦེ་ འཛུལ་འདོད་ཡོད་མི་ཚུ་ལུ་ གོ་སྐབས་བྱིན་ནི་ཟེར་ཨིན་པས།
ད་རུང་ སྲིད་ཚོགས་གསརཔ་གཞན་ སོ་ཤཱལ་ ཌེ་མོ་ཀེ་རེ་ཊིག་ཚོགས་པའི་ འཐུས་མི་གཙོ་ཅན་ཅིག་གིས་ སླབ་མིའི་ནང་ ཁོང་གི་ཚོགས་པའི་འདེམས་ངོ་ བརྒྱ་ཆ་༤༠ དེ་ཅིག་ གཏན་འཁེལ་སོང་ཡོདཔ་མ་ཚད་ ཚོགས་པའི་ཁྲི་འཛིན་ཡང་ ཧ་ལམ་ ངོས་འཛིན་འབད་ཚར་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲི་འཛིན་དང་ འདེམས་ངོ་ཚུ་ འོས་ལྡན་གྱི་ དུས་ཚོད་ཅིག་ནང་ གསལ་བསྒྲགས་འབད་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment