གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་གཡུར་ཉམས་བཅོས་འབད་མི་གིས་ ཆུ་མ་ལང་པའི་ དཀའ་ངལ་བསལ་ཚུགས་ནི།

སྟག་མོ་ཆུ་གཡུས་ཚན་གྱི་མཐོང་སྣང་།
༤/༥/༢༠༡༢

༉ ལྷུན་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་པའི་གྲས་ལས་ ལོ་ཐོག་རེད་ཀྱི་ ཐོན་སྐྱེད་རྒྱ་ཆེཝ་སྦེ་ཡོད་པའི་ གཡུས་ཚན་སྦོམ་ཤོས་གཅིགཔོ་དེ་ སྨན་སྦིས་རྒེད་འོག་ སྟག་མོ་ཆུ་ལུང་གཤོང་ཨིན་པའི་ ངོས་འཛིན་འབདཝ་ཨིན་པས།


གཡུས་ཚན་དེ་ཁར་ ལོ་བསྟར་གྱི་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་དེ་ རང་ཟླ་༤ པ་དང་༥ པའི་ནང་ རྐྱབ་དོ་ཡོདཔ་ཨིན་རུང་ སྟག་མོ་ཆུའི་གཡུས་ཚན་སྨད་ལུ་ ཕ་གི་དུང་དང་ སྒྲོལ་མ་གཞོང་ དེ་ལས་ ངུ་མ་གླིང་ཚུ་ནང་འབད་བ་ཅིན་ ཟླཝ་༡ གིས་ མགྱོགས་སུ་སྦེ་རྐྱབ་དགོ་མི་དེ་ཡང་ ཞིང་ཆུ་ཆུང་ཀུ་ཅིག་ལས་མེད་ནི་དེ་གིས་ ལྕང་ལཱ་ཚུ་ ཆུ་བགོ་བཤའ་རྐྱབ་སྟེ་ རྐྱབ་དགོ་ནི་དེ་གིས་ཨིན་པས།
ཕ་གི་དུང་གཡུས་ཚན་ནང་ལས་ སྐྱེས་ལོ་༤༣ ལང་མི་ རྡོ་རྗེ་གིས་ ད་རེས་ནངས་པ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ལྕངམ་ཚུ་འབལ་ཐོག་ལས་ གྲ་སྒྲིག་རྐྱབ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ དུས་ཚོད་འ་ནེམ་གཅིག་ཁར་ ལྕང་ལཱ་མ་རྐྱབ་པ་ སྟག་མོ་ཆུའི་མི་སེར་ཆ་རོགས་ཚུ་ལུ་ བསྒུག་སྡོད་པ་ཅིན་ ཤུལ་ལས་ཆུ་གིས་ལང་མི་ཚུགསཔ་ལས་ ལྕང་ལཱ་ཕྱི་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
སྟག་མོ་ཆུ་ཁ་སྟོད་ཀྱི་སོ་ནམ་ཞིང་མི་ཚུ་གིས་ ད་ལྟོ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཨ་རིང་ཚུ་ གླང་རྨོ་ནི་དང་ ལྕང་སོན་ཚུ་ བཏབ་དོ་ཡོདཔ་ཨིན་པས།
སྟག་སྐད་ལ་ རྭཝ་སྦིས་དགོན་པ་ གནས་སྦིས་ དེ་ལས་ སྐམ་དར་གཡུས་ཚན་ཚུན་ ཆུ་གཡུར་བཏོན་ཡོད་རུང་ ཆུ་ཆུང་ཀུ་གཅིག་ལས་བརྒལ་མེདཔ་ལས་ ཆུ་ལང་མ་ཚུགས་པར་ སོ་ནམ་ཞིང་ལཱ་འབད་མི་ཚུ་ ལཱ་ཁག་བཏང་དོ་ཡོད་པའི་ཁར་ ཆུ་གཡུར་ཉམས་བཅོས་འབད་དོ་ཡོདཔ་མ་ཚད་ ཆུ་གཡུར་རྒྱ་བསྐྱེད་འབད་མི་གིས་ སྒྲོལ་མ་གཞོང་དང་ ངུ་མ་གླིང་ དེ་ལས་ ཕ་གི་དུང་གཡུས་ཚན་༣ གྱི་མི་སེར་ཚུ་ལུ་ དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
སྟག་མོ་ཆུའི་ སོ་ནམ་ཞིང་མི་དག་པ་ཅིག་གིས་ གཡུས་ཆུམ་ཚུ་ དངུལ་གྱི་འོང་འབབ་བཟོ་དོན་ལུ་ བཙོང་དོ་ཡོདཔ་མ་ཚད་ གཡུས་ཚན་དེ་ནང་ ཁྱིམ་གུང་ཆ་མཉམ་ལུ་ ཆུ་ཞིང་ཚུ་ཡོདཔ་ཨིན་པས།
སྨན་སྦིས་རྒཔོ་ རྒྱ་མཚོ་རྡོ་རྗེ་གིས་བཤད་མིའི་ནང་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་༢ པའི་ནང་ལས་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ བརྒྱ་ཆ་༤༠ དེ་ཅིག་འབད་ཚར་ཡོད་པའི་ཁར་ འཕྲལ་མགྱོགས་ར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལས་ཕར་ ཉམས་བཅོས་ཀྱི་ལཱ མཇུག་བསྡུ་ཞིནམ་ལས་ ཆུ་མ་ལང་མིའི་ དཀའ་ངལ་ཚུ་བསལ་ཚུགས་ཟེར་ རྫོང་ཁག་སོ་ནམ་ལས་རོགས་འགོ་དཔོན་ རྗེ་བཙུན་དབང་ཕྱུག་གིས་བཤདཔ་ཨིན་པས།
སྟག་མོ་ཆུའི་གཡུས་ཚན་གྱི་མཇུག་ལུ་ ཁྱིམ་གུང་དག་པ་ཅིག་གིས་ ཆུ་ཞིང་ཚུ་སྟོངམ་བཞག་ཡོདཔ་བཞིན་དུ་ ལོ་རྒྱུས་སླབ་མི་དང་འཁྲིལ་བ་ཅིན་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ཏེ་ཨིནམ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment