གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་སྨན་ཁང་གི་ ཌོག་ཊར་༣ ལུ་ ནང་གསུག་དང་འབྲེལ་བའི་ཉེས་འཛུགས།

ཟླ་༣ པའི་ཚེས་༢༧།
༡༧/༥/༢༠༡༢

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ལོ་༢༠༠༨ ལུ་ གསོ་བའི་མཁོ་སྒྲུབ་ནང་ གཡོ་སྒྱུ་ལག་ལེན་དང་ ནང་གསུག་ལེན་པའི་ ཉེས་འཛུགས་ཐོག་ ཌོག་ཊར་༣ དང་ གསོ་བའི་འགོ་དཔོན་དག་པ་ཅིག་ལུ་ ཁྲིམས་དཔྱད་འབད་ནིའི་དོན་ལས་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།


ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྙན་གསན་དེ་ མགྱོགས་པ་ར་ འགོ་བཙུག་འོང་ཟེར་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ཏེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྨན་རིགས་དང་ གསོ་བའི་ཅ་ཆས་མཁོ་སྒྲུབ་འབད་མི་ རིན་བསྡུར་ཚོགས་ཆུང་ནང་ཡོད་པའི་ ཌོག་ཊར་གསུམ་ལུ་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཅིག་གིས་ ནང་གསུག་རྐྱབ་ཡོདཔ་མ་ཚད་ སྨན་གྱི་དོན་ལུ་མིན་པའི་ མཁོ་ཆས་བརྟག་དཔྱད་འབད་བར་ ཇར་མ་ནི་དང་ རྒྱ་ནག་ལུ་ འགྱོ་ནི་གི་ ལྟ་སྐོར་ལས་རིམ་ འགོ་འདྲེན་འཐབ་མིའི་ ཁེ་ཕན་སྤྱོད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྒྱ་གར་གྱི་ བཀྲམ་སྤེལ་བ་ཅིག་གིས་ སྨན་རིགས་བཀྲམ་སྤེལ་གྱི་ བཀའ་རྒྱ་འཐོབ་ནིའི་དོན་ལུ་ ཉེས་དོགས་ཅན་ཅིག་ལུ་ ནང་གསུག་རྐྱབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ རྩོད་དོན་ཁག་སོ་སོའི་ནང་ བཀྲམ་སྤེལ་བ་ཚུ་གིས་ བསྡོམས་ཀྱིས་ ཡུ་ཨེསི་ཌོ་ལར་༡༨,༠༠༠ ལྷགཔ་ཅིག་དང་ དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ ནང་གསུག་རྐྱབ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གསོ་བའི་ལྷན་ཁག་གི་ འགོ་དཔོན་ཚུ་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་ སོང་མིའི་སྐོར་ལས་ ཞིབ་དཔྱད་འབདཝ་ད་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ བཀྲམ་སྤེལ་བ་ཅིག་གིས་ ཟད་འགྲོ་བཏང་སྟེ་ ལྟ་སྐོར་འགོ་འདྲེན་འཐབ་པའི་སྐབས་ བཀྲམ་སྤེལ་བ་དེ་གི་ རིན་བསྡུར་ཡིག་ཆ་ཚུ་ བསྐྱར་ཞིབ་འབད་མི་ཡང་ ཁ་ཉེས་ཕོག་མི་ ཌོག་ཊར་དེ་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།

No comments:

Post a Comment