༧/༥/༢༠༡༢
ཁ་ཙ་ ཨེ་སི་ཤེས་རིག་སྡེ་ཚན་དང་ འབྲུག་དངུལ་ཁང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |
སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ ཉིན་ཕྱེད་དེ་ཅིག་ཁར་ འབྲུག་གི་དངུལ་ཁང་སྡེ་ཚན་གྱིས་ སྐུགས་༢༥ ཐོབ་སྟེ་ ཆོད་པའི་སྐབས་ལུ་ སྡེ་ཚན་གཞན་གྱིས་སྐུགས་༡༢ ལས་བརྒལ་ཐོབ་མ་ཚུགས་པའི་ཁར་ སྐུགས་༢ པའི་དོན་ལུ་ རྩེད་འགྲན་འབདཝ་ད་ ཨེསི་སི་ཤེས་རིག་སྡེ་ཚན་གྱིས་ ག་དེམ་ཅིག་རྩ་འགེངས་རུང་ སྐུགས་༤ ལས་བརྒལ་ཐོབ་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
ད་ལྟོ་རྩེད་འགྲན་འབད་བཞིན་དུ་ཡོད་མིའི་ནང་ ཁ་ཙ་ཚུན་ སྡེ་ཚན་ལྔ་ཕམ་ཡོདཔ་ད་ རི་དཱ་ཟ་སྡེ་ཚན་དང་ ཀུར་རི་ཟམ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཀུར་རི་ཟམ་སྡེ་ཚན་གྱིས་རྒྱལ་ཐོབ་ཡོདཔ་ད་ ལྷུན་རྩེ་དང་ རྒྱལ་པོ་ཞིང་སྡེ་ཚན་གྱི་བར་ན་རྩེད་འབདཝ་ད་ ལྷུན་རྩེ་སྡེ་ཚན་ཕམ་ཡོདཔ་ཨིན་པས།
སྔ་ཚང་སྡེ་ཚན་དང་ མོང་འཛོམས་༢ ཀྱི་བར་ན་རྩེད་འགྲན་གྱི་སྐབས་སུ་ མོང་འཛོམས་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ ནངས་པ་ རྡོ་རྗེ་སྡེ་ཚན་དང་ སྤྲ་གླིང་གྱི་བར་ན་རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༢༨ ལས་འགོ་བཙུགས་མི་ རྩེད་འགྲན་ནང་ མོང་སྒར་དང་ ལྷུན་རྩེ་ དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་གསུམ་ལས་ སྡེ་ཚན་༡༢ སྦེ་བཅའ་མར་གཏོགས་ཡོདཔ་ཨིན་པཨ།
དུས་ཅི་ལས་ འགོ་འདྲེན་འཐབ་མི་ རང་ལུགས་སྤག་ཤིང་ཐོག་གི་ མདའ་རྩེད་འགྲན་བསྡུར་གྱི་འཛུལ་འཐུས་དེ་ སྡེ་ཚན་རེ་ལུ་ དངུལ་ཀྲམ་༡༢,༠༠༠ རེ་ཨིན་པས།
འགྲན་བསྡུར་ནང་ལས་ ཨང་དང་པ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༦༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༣༠,༠༠༠ དེ་ལས་ བཀག་རེག་ མཐོ་ཤོས་དང་ རྩེད་འགྲན་པ་དྲག་ཤོས་ དོ་སྦྱེལ་མཐོ་ཤོས་ཕོག་མི་ཚུ་གི་གསོལ་རས་ ལྟོ་འབད་ནིའི་ རཱའི་སི་ཀུ་ཀར་རེ་ཡོདཔ་ཨིན་པས།
མདའ་རྩེད་འགོ་འདྲེན་པ་ སྐལ་བཟང་ཟླ་བ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ དེ་བཟུམ་གྱི་ མདའ་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་དགོ་མི་དེ་ཡང་ རང་ལུགས་ཀྱི་ ལམ་སྲོལ་བཟང་པོ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་དོན་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
སྔར་སྲོལ་ལམ་ལུགས་ཐོག་ལུ་ རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་འོག་མ་དེ་ སྤྱི་ཟླ་འདི་གི་ ཚེས་༡༧ ལུ་འགོ་འདྲེན་འཐབ་ནི་དང་ མཐའ་བཅད་འགྲན་བསྡུར་དེ་ ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང།
No comments:
Post a Comment