གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ གནད་དོན་གཙོ་ཅན་ཅིག་ སའི་བཅའ་ཁྲིམས་འཕྲི་སྣོན་འབད་ནི།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

༉ སྤྱི་ཟླ་༦ པའི་ཚེས་༨ ལས་ འགོ་བཙུག་ནི་ཨིན་མི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༩ པའི་དོན་ལུ་ གྲོས་གཞི་གཙོ་ཅན་༨ དེ་ཅིག་ ངོས་འཛིན་འབད་མིའི་གྲངས་སུ་ དཔྱད་ཡིག་གསརཔ་ ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་༢༠༡༢ ཅན་མ་དང་ ལམ་ཡིག་དཔྱད་ཡིག་༢ ཡོདཔ་ཨིན་པས།


ཨིན་རུང་ གནད་དོན་ཁག་ཆེ་ཤོས་ཅིག་ སའི་བཅའ་ཁྲིམས་སྤྱི་ལོ་༢༠༠༧ ཅན་མ་ ཕྲིན་སྣོན་མཛད་ནི་དེ་ཨིནམ་ད་ ཚོགས་ཐེངས་༩ པའི་ནང་ གསུང་གྲོས་ངོ་མ་ར་ བཅའ་ཁྲིམས་ཀྱི་ཐོག་ལུ་ གནང་ནིའི་རེ་བ་ཡོད་ཟེར་ འཐུས་མི་རེ་གཉིས་ཀྱིས་སླབ་ཡོདཔ་ད་ དེ་ཡང་ ས་ཆ་དེ་ རྒྱལ་ཁབ་ཀྱི་ རྒྱུ་དངོས་ངོ་མ་ཅིག་ཨིནམ་ལས་ ས་ཆ་ལུ་བརྟེན་ ཉོགས་བཤད་དང་ རྩོད་གཞི་ལེ་ཤ་ བྱུང་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ འབྲུག་གི་རྒྱལ་དར་དཔྱད་ཡིག་དང་ སྤྱི་ཚོགས་ཀྱི་ ཐོབ་དབང་དཔྱད་ཡིག་དེ་ གྲོས་གཞི་ནང་ཚུད་མི་ཚུད་ སླབ་མི་ཤེས་ཟེར་ རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ ཉི་མ་ཚེ་རིང་གིས་ སླབ་ཡོདཔ་ད་ དེ་ཡང་ དཔྱད་ཡིག་དེ་གི་སྐོར་ལས་ ཉིནམ་གཉིས་དེ་ཅིག་གི་ཤུལ་ལས་ གཏན་འཁེལ་བཟོ་ཚུགས་ཟེར་ཨིནམ་ད་ དེ་ཡང་ གྲོས་གཞི་ཚུ་གི་སྐོར་ལས་ གསུང་གྲོས་གནང་སྟེ་ གོ་རིམ་བསྒྲིག་ནི་ཨིན་རུང་ དཔྱད་ཡིག་གསརཔ་༢ ལུ་ བསྒྱུར་བཅོས་མེདཔ་ལས་ གསུང་གྲོས་གནང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
མ་གཞི་ གྲོས་གཞི་ཚུ་ ཁ་ཙ་ལས་ གཏན་འཁེལ་བཟོ་ཚུགས་ནིའི་ དམིགས་གཏད་བསྐྱེད་རུང་ འཐུས་མི་མང་ཤོས་ཅིག་གིས་ རང་སོའི་ འདེམས་ཁོངས་ཀྱི་ གནད་དོན་དང་འབྲེལ་བའི་ གྲོས་གཞི་ཚུ་ མ་ཕུལ་ནི་དེ་གིས་ ལུས་སོ་ཡི་ཟེར་ དྲུང་ཆེན་གྱིས་ སླབ་ཡོདཔ་ད་ ད་ཚུན་གྱི་བར་ན་ གྲོས་གཞི་༢ ལྷོད་མི་དེ་ཡང་ ཆ་མེད་སོང་ཡི་ཟེར་ཨིན་པས།
ཆ་མེད་བཏང་མི་ གྲོས་གཞི་༢ པམ་དེ་ རྒྱལ་ཡོངས་དང་ མི་སྡེ་ལུ་ཕན་པའི་ གནད་དོན་མིན་པའི་ཁར་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ མ་འོང་མི་ཚུ་ཨིནམ་མ་ཚད་ རང་དོན་གྱི་ གནད་དོན་དང་འབྲེལ་བའི་ གྲོས་གཞི་ཨིན་པ་ཅིན་ ཆ་མེད་བཏང་དོ་ཡོདཔ་ཨིན་པས།
ཆ་མེད་བཏང་མི་ གྲོས་གཞི་༢ ཆ་ར་ ལྷོ་མཚམས་རྫོང་ཁག་ལས་ཕུལ་ཡོདཔ་ད་ ཚོགས་འདུའི་དྲུང་ཆེན་གྱིས་འབད་བ་ཅིན་ གྲོས་གཞི་ཚུ་ སྤྱིར་བཏང་རྒྱལ་ཁབ་དང་ མི་སྡེ་ལུ་ཕན་པའི་གནད་དོན་ཚུ་ ཚོགས་འདུ་ནང་ཕུལ་དགོ་ནི་ཨིནམ་ད་ གནད་དོན་ཆུང་སུ་ཨིན་པ་ཅིན་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནང་སྟེ་ གྲོས་ཐག་བཅད་ཚུགསཔ་ལས་ ཚོགས་འདུ་ནང་ ཕུལ་མི་དགོ་ཟེར་ཨིན་པས།
འཐུས་མི་ཚུ་གིས་ཕུལ་མི་ གྲོས་གཞི་ཚུ་ ཚོགས་དཔོན་གྱི་ཕྱག་ལུ་ ལྷོད་དགོཔ་ད་ དེ་ཡང་ གྲོས་གཞི་གི་གནད་དོན་ཚུ་ ཚོགས་དཔོན་གྱིས་ ལྟ་ཞིབ་འབད་དེ་ ཚོགས་ཁང་ནང་ བཙུག་བཏུབ་མི་བཏུབ་ཚུ་ དབྱེ་དཔྱད་གནང་དོ་ཡོདཔ་ཨིན་པས།
མ་གཞི་ འཐུས་མི་ཚུ་གིས་ རང་སོའི་ གྲོས་གཞི་ཚུ་ ཕུལ་ནིའི་དུས་ཚོད་མཇུག་ ཁ་ཙ་ཨིན་རུང་ ལེ་ཤ་ཅིག་གིས་ ད་ལྟོའི་བར་ན་ཡང་ མ་ཕུལ་བར་ཡོདཔ་ལས་ གྲོས་གཞི་གཏན་འཁེལ་བཟོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དེ་ལས་ རྐྱེན་ངན་འཛིན་སྐྱོང་གི་དཔྱད་ཡིག་དང་ ཤེས་རིག་ཁྲོམ་སྡེའི་དཔྱད་ཡིག་༢ པོ་དེ་ ཚོགས་ཐེངས་༨ པའི་སྐབས་ ཚོགས་འདུ་ཆེན་མོ་ནང་ གསུང་གྲོས་གནང་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ཕུལ་ཡོད་མི་དེ་ ལོག་ཚོགས་ཁང་གོང་མིའི་ནང་ ལྷོད་ནིའི་གོ་སྐབས་ཡོདཔ་ཨིན་པས།
གནད་དོན་གཞན་ཡང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ཀྱི་ ལོ་གཅིག་གི་ གོང་འཕེལ་སྙན་ཞུ་ཕུལ་ནི་ཨིནམ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ལོ་བསྟར་འཆར་དངུལ་གྱི་ སྙན་ཞུ་ཚུ་ཡང་ ཕུལ་ནི་ཨིན་པའི་ཁར་ སཱག་དངུལ་ཁང་ཚོགས་ཆུང་གི་ ཆིངས་ཡིག་ཐོག་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment