༡༦/༥/༢༠༡༢
ཁ་ཙ་ ཐིམ་ཕུ་ལུ་ འགོ་འདྲེན་འཐབ་མི་ གྱོན་ཆས་འགྲེམས་སྟོན་ནང་ བཅའ་མར་གཏོགས་མི་ཚུ། |
གསར་ཐོན་གྱོན་ཆས་ཚུ་ཡང་ དབྱེ་ཁག་གསུམ་སྦེ་ འགྲེམས་སྟོན་འབད་མི་དེ་ཡང་ དབྱེ་ཁག་དང་པའི་ནང་ དཀྱི་ར་དྲག་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཕ་སྐྱིད་མོ་གིས་ ཐོབ་ཡོདཔ་ད་ ཨང་གཉིས་པའི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ དེ་ ཀུན་དགའ་བཟང་མོ་དབང་ཕྱུག་དང་ ཀུན་བཟང་ཆོས་སྒྲོན་གྱིས་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ ཐོབ་ཅི།
གོ་གི་དབྱེ་ཁག་དང་པ་ལས་ འཕྲིན་ལས་པདྨ་གིས་ དངུལ་ཀྲམ་༥༠,༠༠༠ དང་ གཡང་སྐྱིད་ཀྱིས་ དངུལ་ཀྲམ་༣༠,༠༠༠ དེ་ལས་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ དེ་ ཨྱོན་གཡུ་སྒྲོན་གྱིས་ ཐོབ་ཅི།
དེ་ལས་ དབྱེ་ཁག་གསུམ་པ་ འཚེམ་འདྲུབ་ནང་ལས་ པདྨ་རྡོ་རྗེ་གིས་ ཨང་དང་པ་ཐོན་ཏེ་ དངུལ་ཀྲམ་༥༠,༠༠༠ ཐོབ་ཡོདཔ་ད་ ཕུརཔ་རྡོ་རྗེ་གིས་ དངུལ་ཀྲམ་༣༠,༠༠༠ དང་ དཔལམོ་གིས་ དངུལ་ཀྲམ་༡༠,༠༠༠ ཐོབ་ཅི།
དེ་ལས་ ཐགས་འཐག་མི་༡༠ ལུ་ གཟེངས་ཐོན་གྱི་ གསོལ་རས་ཚུ་ སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གནང་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment