འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་(གཡོན་ཁ་ཐུག་ལུ་ཡོད་མི)དང་ འབྲུག་གི་དངུལ་ཁང་ (གཡས་ཁ་ཐུག) གིས་ ཨེ་ཤི་ཡ་དང་ པེ་མི་ཕིག་གི་ སྤྱི་ལོ་༢༠༡༢ ལོའི་ གོང་འཕེལ་དངུལ་ཁང་ལས་སྡེའི་ མཐུན་ཚོགས་ཀྱི་ རྟགས་མ་ཐོབ་ཡོདཔ་ད་ དེ་ཡང་ ཟླཝ་ཧེ་མའི་ནང་ ཊར་ཀིའི་རྒྱལ་ས་ ཨིསི་ཊཱན་བཱུལ་ལུ་སྦེ་ བྱིན་ཡོདཔ་ཨིན་པས། འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ མི་སྡེའི་འགན་ཁུར་དབྱེ་སྡེའི་ནང་ གྲོང་གསེབ་ཁྱིམ་གྱི་ ཉེན་བཅོལ་ལས་འཆར་གྱི་ གཟེངས་བསྟོད་རྟགས་མ་དང་ འབྲུག་གི་དངུལ་ཁང་གིས་ མི་སྟོབས་གོང་འཕེལ་དབྱེ་སྡེའི་ནང་ གོང་འཕེལ་ལས་འགུལ་གྱི་ ཁྱད་འཕགས་རྟགས་མ་ཐོབ་ཡོད་པའི་གནས་ཚུལ། |
No comments:
Post a Comment