གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༢ དང་ཟླཝ་༧ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་གྱི་དཔའ་བཅམ།

ཟླ་༣ པའི་ཚེས་༢༧།
༡༧/༥/༢༠༡༢

༉ དར་དཀར་ནང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༩ ལང་མི་ རྒྱ་གར་གྱི་ ལས་མི་ཅིག་གིས་ སྤྱི་ཟླ་༥ པའི་ཚས་༨ ལུ་ སྐྱེས་ལོ་༢ དང་ཟླཝ་༧ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།


བུམོ་ཅུང་དེ་གི་ ཨའི་གིས་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༥:༣༠ དེ་ཅིག་ལུ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
བུམོ་ཅུང་གི་ ཨ་པ་དེ་ དར་དཀར་ཆུའི་ ཧིན་དུསི་ཏཱན་བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་དོ་ཡོདཔ་ད་ དོགས་ཅན་ཕོ་སྐྱེས་དེ་ཡང་ ལས་སྡེ་དེ་ནང་ ལཱ་འབད་དོ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ ཁྱིམ་ཚང་ཨིན་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཨའི་གིས་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ བུམོ་ཅུང་དང་ ཨའི་དེ་ བཤལ་བར་སོང་པའི་ཤུལ་ལུ་ ཆ་རོགས་ཅིག་དང་ཕྱད་དེ་ བཤད་ཐོ་བཏང་སྡོད་པའི་བར་ན་ བུམོ་ཅུང་དེ་ གར་སོང་མེད་པར་ བྱང་ད་ཡི་ཟེར་ཨིན་པས།
བུམོ་ཅུང་དེ་ ཨ་རྟག་ར་ ཁྱིམ་ཚང་གི་ ཨ་ལུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་སྡོད་དོ་ཡོདཔ་ལས་ མོ་ར་ མནོ་བསམ་དེ་ལུ་བཏང་སྟེ་ ཚ་གྱང་མ་ལང་ཟེར་ཨིན་པས།
ཡུདཔ་ཅིག་ལས་ ཁྱིམ་ཚང་གི་ ཨ་ལུ་ཚུ་དང་གཅིག་ཁར་ མེདཔ་ཤེས་ཞིནམ་ལས་ ལས་མི་སྡོད་སའི་ སྒར་ནང་ལས་ཕར་ སྐད་རྐྱབ་སྟེ་ འཚོལ་ཡི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ བུམོ་ཅུང་དེ་གིས་ ཁོ་གི་ཁྱིམ་ནང་ འཛུལ་འོང་པའི་ཤུལ་ལུ་ ཁོ་གིས་ འགྲུལ་འཕྲིན་མོ་བཱ་ཡལ་ རྩེདམོ་རྩེ་བཅུགཔ་མ་ཚད་ ཞབས་ཁྲ་བཏང་བཞག་པའི་སྐབས་ གཉིད་ཐལ་སོ་ནུག་ཟེར་ཨིན་པས།
བུམོ་ཅུང་དེ་ གཉིད་ཐལ་སྡོད་པའི་བར་ན་ ཁོ་གིས་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་ཡོདཔ་ཨིན་རུང་ བུམོ་ཅུང་དེ་ འདྲོག་པའི་ཤུགས་ཀྱིས་ སྐད་ཤུགས་སྦེ་ར་ རྔུ་ཡི་ཟེར་ཨིན་པས།
བུམོ་ཅུང་དེ་གི་རྔུ་སྐད་ ཨའི་གིས་ གོ་ཡོདཔ་ལས་ དེ་འཕྲོ་ལས་ དོགས་པ་ཅན་གྱི་ སྦ་སྒོར་ནང་ འཛུལ་འོང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་བསྒང་ ཨའི་དེ་གིས་ བུམོ་དང་ དོགས་པ་ཅན་༢ ཆ་ར་མཐོངམ་ཅིག་ དེ་འཕྲོ་ལས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ ཁྲིམས་སྲུང་འགག་པ་ལུ་ མོ་གི་བུམོ་ཅུང་དེ་ ལུས་འབྲེལ་འབད་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་དེ་ལུ་ དྲི་དཔྱད་འབད་མི་དང་འཁྲིལཝ་ད་ ཉམས་རྒུདཔ་དང་ གཞན་ཉེ་འདབས་ལུ་ཡོད་མི་ཨ་ལུ་ཚུ་ འཕྲལ་འཕྲལ་ར་ ལས་མི་དེ་གི་ཁྱིམ་ནང་ འོང་ནི་ཡོད་ཟེར་ དོགས་པ་ཅན་གྱིས་ སླབ་ཡོདཔ་མ་ཚད་ དེ་བསྒང་ ཁོང་གིས་ གུ་རམ་དང་ ཁ་ཟས་བིས་ཀིཊ་ཚུ་ བྱིན་ནི་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ དོགས་ཅན་ཕོ་སྐྱེས་དེ་གིས་ བུམོ་ཅུང་དེ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་དེ་ ངེས་བདེན་ཨིན་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
དེ་མ་ཚད་ ག་དེམ་ཅིག་སྦེ་ ཨའི་དེ་ མ་ལྷོད་པ་ཅིན་ ཁོ་གིས་ བུམོ་ཅུང་དེ་ དབང་བཙོང་ལུས་འབྲེལ་འབད་དཔ་འོང་ཟེར་ སླབ་ཡོདཔ་ཨིན་པས།
མ་གཞི་ དོགས་པ་ཅན་དེ་ ཁོ་རའི་ ཆ་རོགས་༢ དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་རུང་ དེ་ཚེ་ ལཱ་ནང་ལས་ ངལ་གསོ་སྡོད་སྡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment