གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་ལྷན་ཁག་གིས་ དབྱེ་ཞིབ་ཞུན་དག་འབད་དགོ་པའི་བཀའ་རྒྱ།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

༉ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ དོན་ཧིང་གི་ ནད་གཞི་ལུ་བརྟེན་ སློབ་ཕྲུག་༢ ལུ་ ཤི་རྐྱེན་བྱུང་ཡོད་མི་དེ་ ཤེས་རིག་ལྷན་ཁག་ལས་ བདུན་ཕྲག་ཧེ་མའི་ནང་ ཞིབ་དཔྱད་ཞུན་དག་འབད་དགོ་པའི་ བཀའ་རྒྱ་ལྷོད་ཡོདཔ་ཨིན་པས།


སློབ་ཕྲུག་ཚུ་ལུ་ ཤི་རྐྱེན་བྱུང་སྟེ་ ཟླཝ་༢ ལངམ་ད་ ཤེས་རིག་ལྷན་ཁག་ལས་ ཞིབ་དཔྱད་སྡེ་ཚན་༢ ཀྱིས་ ཞིབ་དཔྱད་འབད་ཡོདཔ་ཨིན་རུང་ སློབ་ཕྲུག་༢ པོ་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་ན་ ངོས་འཛིན་འབད་མ་ཚུགསཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་འགོ་དཔོན་ཚུ་དང་ ཤེས་རིག་འགོ་དཔོན་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོཔ་སྦེ་ ལྷན་ཁག་ལས་ བཀའ་རྒྱ་ལྷོད་ཞིནམ་ལས་ བདུན་ཕྲག་ངལ་གསོའི་སྐབས་ ཨོ་རོང་ལུ་ ཞིབ་དཔྱད་འབད་བར་ སོང་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ལུ་ བྱུང་རྐྱེན་གསརཔ་ཅིག་ ག་ནི་ཡང་མ་ཐོན་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་ ཀུན་ལེགས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཨ་རོང་འབྲིང་རིང་སློབ་གྲྭ་གོང་མའི་ སློབ་ཕྲུག་༥༠༠ གིས་ ཉིན་བསྟར་བཞིན་དུ་ བི་ཊ་མིན་སྨན་ལེབ་༢ རེ་ བཟའ་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ན་ཚ་ཐོབ་པའི་ ཉོགས་བཤད་ཚུ་ མ་ལྷོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཉི་མ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་དག་པ་ཅིག་གིས་ རྐངམ་འབོ་སྟེ་ ན་ཚ་ཐོབ་པའི་སྐོར་ལས་ ད་ལྟོ་ཡང་ ཉོགས་བཤད་བཀོད་བཞིན་དུ་ ཡོད་ཟེར་ཨིན་པས།
ནད་གཞི་དེ་ ཚབས་ཆེན་མེད་དེ་འབད་རུང་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ བཏང་དོ་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ བུམོ་༣ བརྟག་དཔྱད་འབད་བར་བཏང་མི་ཚུ་ ལོག་སློབ་གྲྭ་ནང་ ལྷོད་དེ་ཡོད་ཟེར་ སློབ་གྲྭའི་ དབུ་འཛིན་གྱིས་བཤདཔ་ཨིན་པས།
ཟས་བཅུད་མཁས་མཆོག་གིས་བྱིན་མི་ ཟས་བཅུད་ཅན་གྱི་ གནས་ཐོ་གསརཔ་དེ་གིས་ ཕན་ཐོགས་ཚུགས་ནི་མས་ཟེར་ དབུ་འཛིན་ཉི་མ་དབང་ཕྱུག་གིས་ བཤད་པའི་ཁར་ ཟས་ཐོ་གསརཔ་དང་འཁྲིལ་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཟླཝ་རེ་ནང་ ཤ་རིགས་ཚར་༢ བྱིན་དོ་ཡོདཔ་ད་ ཤ་མ་བཟའ་མི་ཚུ་ལུ་ ཨོམ་དང་ ཚོད་བསྲེ་ཚུ་ ཧིང་སངས་ས་སྦེ་ བྱིན་དོ་ཨིན་པས།
སློབ་གྲྭ་འགོ་བཙུགས་པའི་སྐབས་ རྐངམ་འབོ་མི་སློབ་ཕྲུག་ཚུ་ ལའུ་རི་སྨིན་རྗེ་འུང་འབྲིང་རིམ་སློབ་གྲྭ་འོག་མ་དང་ བསམ་གྲུབ་ཆོས་གླིང་ མར་ཚ་ལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་ཨིན་པས།
ཟས་བཅུད་མཁས་མཆོག་གིས་འབད་བ་ཅིན་ མཐའ་ཟུར་གྱི་ སློབ་ཕྲུག་ཚུ་ ཧེ་མ་ལས་ བརྟག་དཔྱད་འབད་དགོཔ་ ཁག་ཆེ་བས་ཟེར་སླབ་མི་དེ་ཡང་ རྩ་ཁམས་ཀྱི་ ནད་གཞི་ཚུ་ མང་ཤོས་ར་ མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ལས་ ཐོནམ་མས་ཟེར་ཨིན་པས།
འདས་པའི་ཟླཝ་ འགོ་བཙུགས་པའི་སྐབས་ མར་ཚ་ལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༢༤ རྐངམ་འབོ་སྟེ་ སྨན་ཁང་ནང་བསྐྱལ་ཡོདཔ་ཨིན་པས།
ཨིན་རུང་ མར་ཚ་ལའི་ གསོ་བའི་ལས་རོགསཔ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ག་ར་ སྨན་བཅོས་འབད་ཚར་ཏེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment