དེ་ཡང་ དཔྱད་ཡིག་དེ་ ཚུལ་མཐུན་མེདཔ་མིན་པར་ འཐུས་མི་ཚུ་གིས་ རང་དོན་ལུ་དམིགས་པའི་ གྲོས་བསྡུར་ཨིན་པའི་ དོགས་པ་སྐྱེད་མི་ལེ་ཤ་ཐོན་ཡོདཔ་ལས་ དྭངས་གསལ་བཟོ་ཐབས་ལུ་དང་ མི་མང་གི་བསམ་ཚུལ་ལུ་ ཡིད་ཆེས་དང་ ངལ་རང་ཐོག་ལུ་ ཕྱིར་བཏོན་འབད་འབདཝ་མ་གཏོགས་ ཚོགས་འདུ་གིས་ དཔྱད་ཡིག་དེ་ནང་ ཚུལ་མཐུན་མེད་པའི་ དོན་ཚན་བཀོད་ནི་དེ་གིས་ མེན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་འབད་བ་ཅིན་ འཕྲི་སྣོན་དཔྱད་ཡིག་དེ་ ཚོགས་སྡེ་གིས་ ལམ་ལུགས་ལུ་མ་གནས་པར་ གྲོས་འབུལ་ཡོདཔ་མ་ཚད་ དཔྱད་ཡིག་དེ་ སྤྱི་ཚོགས་ཀྱི་འཐུས་མི་འབྲེལ་བའི་ ཡིག་ཆ་ཅིག་ཨིན་ཟེར་ཨིན་པས།
པདྨ་དགའ་ཚལ་གྱི་ འཐུས་མི་འཇིགས་མེད་རིག་འཛིན་གྱིས་ ཚོགས་སྡེ་གིས་ གྲོས་འབུལ་དེ་ ཁྲིམས་བཟོ་བྱ་བའི་གནད་སྤྱོད་དང་ འཁྲིལ་ཏེ་ར་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་དང་ཡང་ གྲོས་བསྟུན་ཚུ་སྒོ་ཡངས་ཐོག་ལས་འབད་ཡི་ཟེར་ཞུ་ཡི།
འཐུས་མི་ཚུ་ལུ་ཤོ་སྙོམས་ཐོག་ འགྲུལ་འཁོར་ཡང་གཞུང་ལས་ གནང་དགོ་པའི་དོན་ཚན་ བཙུགས་དགོ་སྦེ་དྲན་བསྐུལ་འབད་མི་ ཚོགས་འདུ་ཨིནམ་ལས་ གྲོས་བསྟུན་མ་འབད་ཟེར་མི་དེ་ བདེན་ཁུངས་མེད་ཟེར་ཞུ་ཡི།
ཚོགས་ཆུང་གི་ ཁྲི་འཛིན་ཀུན་ལེགས་ཚེ་རིང་གིས་ དཔྱད་ཡིག་དེ་གི་གནད་དོནགཙོ་བོ་ར་ ཏི་རུའི་དཔྱད་ཡིག་ཨིན་མེན་གྱི་སྐོར་ལས་ཨིནམ་ད་ འཕྲི་སྣོན་དཔྱད་ཡིག་དེ་ དངུལ་ཕོགས་དང་ ཁྲལ་ཡར་སེང་ མར་ཕབ་ཀྱི་གནས་སྟངས་དང་འབྲེལ་བ་མེདཔ་ལས་ ཏི་རུའི་དཔྱད་ཡིག་ཨིན་པའི་ ངོས་འཛིན་མེད་ཟེར་ཞུ་ཡི།
ཚོགས་སྡེའི་ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་ འཕྲི་སྣོན་གྱི་དཔྱད་ཡིག་དེ་ བརྡ་བརྒྱུད་དང་ མི་མང་གི་མཐོང་སྣང་ལུ་ རང་དོན་ཨིན་པའི་བསམ་ཚུལ་ འབྱུང་ནི་དེ་གིས་ དོགས་པ་དང་ ཚ་གྱང་ལུ་གཞི་བཞག་ཐོག་ ཕྱིར་བཏོན་འབད་བ་ཅིན་ སྟབས་མ་བདེཝ་མིན་འདུག་ཟེར་ གྲོས་འདེབས་ཕུལ་ཡི།
འཐུས་མི་གཞན་ཡང་ལེ་ཤ་ཅིག་གིས་ཡང་ རང་དོན་ཨིན་པ་ཅིན་ འགོ་ཐོག་ལས་ར་ དེ་ཚུ་གི་གསུང་གྲོས་གནང་དགོཔ་ཨིནམ་ད་ ད་ལྟོ་གསུང་གྲོས་གནང་མི་དེ་ ཧེ་མ་འཛོལ་བ་བཞུགས་མི་དེ་ ལོག་བཅོས་ཁ་འབད་ཐབས་ལུ་དམིགས་ཏེ་ཨིན་ལུགས་ཀྱི་ རྒྱབ་སྐྱོར་ཚུ་ཞུ་ཡི།
ཚོགས་ཁང་ནང་ འཐུས་མི་མང་ཤོས་ཅིག་གིས་ དཔྱད་ཡིག་ཕྱིར་བཏོན་འབད་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་བཞིན་དུ་ འཐུས་མི་༡༩ ཡོད་ས་ལས་༡༤ གིས་ རྒྱབ་སྐྱོར་ཡོད་པའི་ ཚོགས་རྒྱན་བཙུགས་ཐོག་ལས་ ཕྱིར་བཏོན་འབད་ནི་ལུ་ ཆ་འཇོག་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment