གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཤུགས་ལུ་བརྟེན་ རྩི་ས་ལས་འགུལ་ཕྱིར་འགྱངས་ལུས་ནི།

༣༠/༦/༢༠༡༢། ༉ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཚ་ལ་རྐྱབ་ནིའི་ལཱ་ཚུ་འབད་མ་ཚུགས་པར་ལུས་མི་གིས་ གདུང་བསམ་རྩི་ས་ལས་འགུལ་ནང་ ལཱ་འབད་མ་ཚུགས་པར་ བསྒུགས་བཞག་ཡོདཔ་ཨིན་པས།
གདུང་བསམ་རྩི་ས་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཆར་ཤུགས་ཀྱིས་ ངང་ལམ་དང་ རྒྱལ་པོ་ཞིང་གི་ གཞུང་ལམ་འཕྱགས་བདའ་བའི་སྐབས་ལུ་ ས་འོག་གི་གློག་མེ་ཐགཔ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།


སྤྱི་ཟླ་༦ པའི་ཚེས་༡༤ ལུ་ ཆརཔ་ཤུགས་ཚད་ མི་ལི་མི་ཊར་༤༧༠ དེ་ཅིག་རྐྱབ་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མི་ལི་མི་ཊཪ་༤༤༠ རྐྱབ་མི་ལུ་བརྟེན་ ཆུ་མཛོད་རྦད་སོང་སྟེ་ གཞུང་ལམ་འཕྱགས་བདའ་ནུག་ཟེར་ གདུང་བསམ་རྩི་ས་ལས་འགུལ་གྱི་ འཛིན་སྐྱོང་འགོ་དཔོན་ རྡོ་རྗེ་ནོར་བུ་གིས་བཤདཔ་ཨིན་པས།
ཁ་ཙ་ སྤྲེལ་ཟླ་ཚེས་བཅུ་གི་ ངལ་གསོ་ཨིནམ་ལས་བརྟེན་ གློག་ཐག་ལོག་བཙུག་ནིའི་ལཱ་ཚུ་ གདུང་བསམ་རྩི་ས་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་༥ དང་ གཞན་མི་ལས་བྱེདཔ་༥༠ གིས་འབད་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་གི་གློག་ཐག་ཚུ་ བཏོན་ཞིནམ་ལས་ ཉེན་སྲུང་ལྡན་པའི་ ས་གནས་སོ་སོར་ནང་ལུ་ ཐགཔ་གསརཔ་བཙུགས་ཅི་ཟེར་ཨིནམ་ད་ མ་གཞི་ ཧེ་མ་གི་ གློག་མེ་ཐགཔ་ཚུ་ ཆུ་གིས་ ཉན་ཁ་མེད་པའི་ས་ཁོངས་ནང་བཙུགས་ཡོད་རུང་ ཧང་སྟོང་མར་ཆུ་བྲེས་འོང་བའི་བསྒང་ལས་ མེདཔ་བཏང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་ལཱ་གི་ཅ་ཆས་ཚུ་ཡང་ ཉེན་སྲུང་དང་ལྡན་པའི་ས་གནས་ནང་ བཏོན་བཞག་ཡོདཔ་ཨིན་རུང་ བཟོ་སྐྲུན་གྱི་ཅ་ཆས་དག་པ་ཅིག་ ཆུ་གིས་འཕྱག་འབག་ནུག་ཟེར་ཨིན་པས།
ཆུ་རུད་ཀྱིས་ གློག་མེའི་ཐགཔ་འཕྱགས་བདའ་མི་ལུ་བརྟེན་ ཚ་ལ་རྐྱབ་ནི་གི་ ལཱ་ཚུ་འབད་མ་ཚར་བ་ལུས་ཡོདཔ་ལས་ ལས་འགུལ་གྱི་ལཱ་མཇུག་བསྡུ་ནི་ལུ་ ད་རུང་ ཟླ་ངོ་༡ དེ་ཅིག་འགོར་ནི་ཨིན་མས་ཟེར་ འཛིན་སྐྱོང་མདོ་ཆེན་ རྡོ་རྗེ་ནོར་བུ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཚ་ལ་རྐྱབ་ནིའི་ལཱ་ འབད་མ་བཏུབ་འདྲཝ་ཅིག་འབད་བ་ཅིན་ བཟོ་བཀོད་ཀྱི་ལཱ་ཚུ་འབད་མ་ཚུགས་པར་ ཕྱིར་འགྱངས་སྦེ་ལུས་ནི་མས་ཟེར་ཨིན་པས།
ངང་ལམ་ཁྲོམ་དང་ གདུང་བསམ་རྩི་ས་ལས་འགུལ་གྱི་ས་ཁོངས་ནང་ ཆུ་བསགས་ཡོད་མི་ལུ་བརྟེན་ ཁོ་རོང་ཆུ་གི་ ཆུ་ལམ་ཁ་གྱུར་ཡར་སོང་མི་དེ་ གདུང་བསམ་རྩི་ས་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ས་རྐོ་འཕྲུལ་ཆས་༣དང་ ཇེ་སི་བི་ཚུ་བཙུགས་ཐོག་ལས་ ཧེ་མའི་ལམ་ཕྱོགས་ནང་བཏང་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment