གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་མེད་མི་ལུ་བརྟེན་ ཆུ་ལྷམ་དང་ གྱིབ་ལྷམ་མཁོ་སྒྲུབ་མང་སུ་འབད་དགོཔ།

༧/༥/༢༠༡༢

༉ ཧཱ་གསང་སྦས་ཁའི་གཡུས་ཚན་དེ་ ཧཱ་དང་བསམ་རྩེ་ ག་ཏེ་ལས་ར་འགྱོ་རུང་ ཉིན་ལམ་གསུམ་འགོར་ནི་དེ་གིས་ ས་གནས་ཀྱི་ མི་སེར་ཚུ་ ལོ་རེ་ནང་ གྱིབ་ལྷམ་དང་ ཆུ་ལྷམ་བསྡོམས་ ཆ་༨ དེ་རེ་ཧྲལ་དོ་ཡོདཔ་ཨིན་པས།
འཁོར་ལམ་ལས་ ཐག་རིང་ནི་དེ་གིས་ མི་སེར་མང་ཤོས་ཀྱིས་ གྱིབ་ལྷམ་དང་ ཆུ་ལྷམ་མ་གཏོགས་ གཞན་ ཀོཝ་གི་ལྷྭམ་ཚུ་ ལག་ལེན་མི་འཐབ་དོ་ཡོདཔ་ཨིན་པས།



ཤེབ་སྦྱིས་གཡུས་ཚན་ལས་ སྐྱེས་ལོ་༤༠ ལང་མི་ ཉི་མ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྡོད་ས་མཐའ་ཟུར་ནང་འབད་བའི་བསྒང་ལས་ ག་ཅི་གི་ཐད་ལས་ར་འབད་རུང་ དཀའ་ངལ་འདུག་ཟེར་ཨིན་པས།
རང་གི་ ཞིང་ཁ་ལས་ཐོན་མིའི་ ཐོན་སྐྱེད་ཚུ་ཡང་ འཁོར་ལམ་ལས་ས་ཐག་རིང་ནི་དེ་གིས་ ཚོང་འབྲེལ་འཐབ་ནི་ལུ་དཀའ་ངལ་ཡོདཔ་ལས་ འབབ་ཁུངས་བཟོ་མ་ཚུགས་པའི་ཁར་ ཕར་ཚུར་འགྱོཝ་ད་ཡང་ དཀའ་ངལ་ཚུ་འདུག་ཟེར་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ འདས་པའི་བདུན་ཕྲག་ནང་ ཧཱ་ལུ་སོང་ཞིནམ་ལས་ ཆུ་ལྷམ་གསརཔ་ཅིག་ཉོ་འབག་འོང་མི་གིས་ གསང་སྦས་ཁ་ལུ་ལྷོད་དེ་ བདུན་ཕྲག་༡གི་ནང་འཁོད་ལུ་ར་ ཧྲལ་ཡར་སོ་ཡི་ཟེར་ཨིན་པས།
གསང་སྦས་ལས་ མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་རེ་ནང་ ལྷྭམ་གྱངས་ཁ་མ་ཆོདཔ་ཅིག་ ཧྲལ་འགྱོ་ནི་དེ་གིས་ ལྷམ་ཉོ་ནིའི་ཟད་འགྲོ་གིས་ འབད་མི་ཚུགས་པས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཧཱ་ལས་བསམ་རྩེ་ཚུན་ གཟིགས་སྐོར་ལུ་བྱོན་པའི་སྐབས་ སུ་ཡིསི་ལས་ གོང་ཚད་སྦོམ་སྤྲོད་དེ་ཉོ་མི་ ལྷམ་དེ་ཡང་ གསང་སྦས་ཁའི་གཡུས་ཚན་ནང་འགྲོ་འགྲུལ་འབདཝ་ད་ ཧྲལ་སོཔ་ཨིན་པས།
མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟའ་ཚང་ནང་མི་རེ་གིས་ ཁྲོམ་ཁར་འགྱོཝ་ད་ལྷམ་རེ་རེ་ གྲ་སྒྲིག་སྦེ་ བཞག་དགོ་ཟེར་ཨིན་པས།
ཤུལ་ལས་ སྣུམ་འཁོར་ལམ་ ཁྱིམ་གྱི་སྦོ་ལོགས་ཁར་ལྷོད་པའི་བསྒང་ལས་ ད་ལྟོ་བཟུམ་སྦེ་ ལྷམ་ལེ་ཤ་ཉོ་མི་དགོཔ་འོང་ཟེར་ གཡུས་མི་ཅིག་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ མི་སེར་ཚུ་གི་ མནོ་དོན་འགྲུབ་ནིའི་དོན་ལུ་ སྣུམ་འཁོར་ལམ་དེ་ ནམ་ལྷོད་ནི་ཨིན་ན་ཟེར་བའི་ རེ་བ་བསྐྱེད་དེ་སྡོད་དགོ་པས་ཟེར་ སྐྱེས་ལོ་༥༦ ལང་མི་ སངས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

 ཡེ་ཤེས་སྒྲོལ་མ།

No comments:

Post a Comment