གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཚུ་གིས་ རྒྱ་གར་གྱི་ ཁྲོམ་༢ ལས་ ཚོད་བསྲེ་ནང་འདྲེན་འབད་དོ་ཡོདཔ།

ཕ་ལ་ཀ་ཊ་ལུ་ ཚོད་བསྲེའི་གོང་ཚད་ཡར་སེང་རྐྱབ་རྐྱབ་མེད་རུང་ འབྲུག་གི་བཀྲམ་སྤེལ་བ་ཚུ་གིས་ རུ་པིའི་དཀའ་ངལ་ལུ་ཧད་བཏགས་ཏེ་ གོང་མཐོ་སུ་འབད་བཙོང་དོ་ཡོདཔ།
འབྲུག་མི་ཚུ་གིས་ ཚོད་བསྲེ་ནང་འདྲེན་འབད་ས་ ཕ་ལ་ཀ་ཊ།
༡༩/༠༥/༡༢ ༉ འབྲུག་མི་ཚུ་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ ཨ་ལི་པུར་རྫོང་ཁག་གི་ས་གནས་ ཕ་ལ་ཀ་ཊའི་ ཚོད་བསྲེ་ཁྲོམ་ཁར་ ལྷོད་པའི་སྐབས་ལུ་ འབྲུག་གིས་ སྤྱི་ཟླ་༥ པའི་ཚེས་༡༩ ལས་ རྒྱ་གར་ལས་ ཚོད་བསྲེ་ནང་འདྲེན་བཀག་དམ་འབད་ནི་ཟེར་བའི་ ལོ་རྒྱུས་གོ་མི་དེ་ བདེན་ག་ཟེར་ ས་གནས་ཀྱི་ ཚོད་བསྲེ་ཚོང་པ་ཚུ་གིས་ ཚ་གྱང་དང་བཅས་སྦེ་ དྲི་བཀོད་འབདཝ་མས།

འབྲུག་མི་ཚུ་གིས་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་རིགས་ཚུ་ ཕ་ལ་ཀ་ཊ་དང་ ཕ་ལ་ཀ་ཊ་ལས་ ཕུན་ཚོགས་གླིང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༧ དེ་ཅིག་གི་ ས་ཁར་ཡོད་པའི་ པཱསི་མ་འིལ་ཚུ་ལས་ རེས་གཟའ་ཕུར་བུ་དང་ སྤེན་པ་ལུ་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ ཚོད་བསྲེ་ཁྲོམ་དེ་གཉིས་ནང་ བཤལ་བལྟཝ་ད་ ཚོང་འབྲེལ་གྱི་ དུས་ཚོད་ཚུ་ ཉིནམ་སོ་སོ་སྦེ་ བཟོ་སྟེ་ཡོདཔ་བཞིན་དུ་ ཚོང་འབྲེལ་གྱི་ཉིནམ་སྐབས་ དྲོ་པའི་ཆུ་ཚོད་༥ མ་ལངམ་ལས་ གཡུས་མི་ཚུ་གིས་ རང་སོའི་ཚོད་བསྲེ་ཚུ་ རྐང་འཁོར་སའི་ཀཱལ་ཚུ་གུ་བཀལ་ཏེ་ ཁྲོམ་ཁར་འབག་འོངམ་ད་ འབྲུག་མི་བཀྲམ་སྤེལ་བ་ཚུ་དང་ ཚོང་མགྲོན་པ་གཞན་སྟོང་ཕྲག་ལས་བཅས་དེ་ སྤུངས་འཛོམས་འབདཝ་ཨིན་པས།
དེ་བསྒང་ རང་སོའི་སྣུམ་འཁོར་བདའ་སོང་མི་ འབྲུག་མི་བཀྲམ་སྤེལ་བ་ཚུ་གིས་ ཚོད་བསྲེའི་སྤུས་ཚད་ཚུ་བལྟ་སྟེ་ ཁྲོམ་ཁར་བཀྲམ་སྟེ་བཙོང་མི་ གཡུས་མི་ཚུ་ལས་ དུམ་གྲ་རེ་སྦེ་ ཉོ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ཐིམ་ཕུ་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ དེ་ལས་ བུམ་ཐང་ཚུ་ལས་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཚུ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ ཚོད་བསྲེ་ལེན་པར་ སྣུམ་འཁོར་ཚུ་རྐྱངམ་གཅིག་ བཏང་དོ་ཡོད་པའི་ མཐོང་གསལ་ཡང་བྱུང་ཡི།
འབྲུག་གི་ བཀྲམ་སྤེལ་བ་ཚུ་ ཁོང་ར་དངོས་སུ་སྦེ་ ཚོད་བསྲེ་ཁྲོམ་གྱི་ དུས་ཚོད་ལུ་ ས་གནས་ནང་སོང་སྟེ་ ཉོ་འདྲེན་འབད་བ་ཅིན་ ཚོད་བསྲེ་ཚུ་ སོ་ནམ་པ་ཚུ་གིས་རྐྱབ་མི་ གོང་ཚད་ཐོག་ ཐོབ་ཚུགས་དོ་ཡོདཔ་ད་ དེ་མེན་པའི་ རྒྱ་གར་གྱི་ ཚོད་བསྲེ་བཀྲམ་སྤེལ་བ་ཚུ་གིས་ སོ་ནམ་ཞིང་པ་ཚུ་ལས་ཉོ་སྟེ་ ཁང་མིག་ཚུ་ནང་ བཙུགས་བཞག་ཐོག་ལས་ བཙོང་མི་ཚུ་ རུ་པི་༢ དེ་རེ་ ཐེབས་བཀལ་ཏེ་ བཙོངམ་ཨིན་པས།
ཕ་ལ་ཀ་ཊ་ལས་ ཚོད་བསྲེ་བཀྲམ་སྤེལ་བ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོང་གིས་ སོ་ནམ་པ་ཚུ་ལས་ཉོ་བའི་ གོང་ཚད་དང་ཕྱདཔ་ད་ དུམ་གྲ་ཅིག་ མཐོ་སུ་སྦེ་ བཙོང་མི་དེ་ཡང་ ཚོད་བསྲེ་ཚུ་ ཕྱིར་སེལ་རྐྱབ་དགོཔ་མ་ཚད་ དོས་སྡམ་ནི་གི་ ལཱ་འབད་མི་ཚུ་ལུ་ གླ་འཐུས་སྤྲོད་དགོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཕ་ལ་ཀ་ཊ་ལུ་ བདུན་ཕྲག་རེ་ནང་ འབྲུག་གི་སྣུམ་འཁོར་ཆེ་བ་དང་ ཆུང་བ་༦༠ ལས་༧༠ བར་ན་འོང་སྟེ་ ཚོད་བསྲེ་ཚུ་ འབྲུག་ལུ་ ཉོ་འབག་འགྱོཝ་མས་ཟེར་ ཚོད་བསྲེ་ཀྲམ་སྤེལ་བ་ཚུ་གིས་ སླབ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཐིམ་ཕུའི་དོན་ལུ་ ཚོད་བསྲེ་བར་ཚོང་འཐབ་མི་ཚུ་གིས་ ཚོད་བསྲེ་ཚུ་ རེས་གཟའ་ལྷག་པ་དང་ ཕུར་བུ་ལུ་ འབག་འགྱོ་དོ་ཡོདཔ་མ་ཚད་ རྩི་རང་དང་ བུམ་ཐང་ཚུ་ནང་ རེས་གཟའ་ཟླ་བ་ དེ་ལས་ དབང་འདུས་དང་ སྤུ་ན་ཁ་ཚུ་ནང་ རེས་གཟའ་པ་སངས་ལུ་ འབག་འགྱོཝ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཕ་ར་ཀ་ཊའི་ཚོད་བསྲེ་བརྒྱ་ཆ་༧༠ འབྲུག་ལུ་བཙོང་སྟེ་ ལྷག་ལུས་ཚུ་ ཉེ་འདབས་ཀྱི་ མངའ་སྡེ་གཞན་ཚུ་ནང་ བཙོང་དོ་ཡོདཔ་ཨིན་རུང་ རུ་པིའི་དཀའ་ངལ་ལུ་བརྟེན་ འབྲུག་ལུ་ ཚོང་འབྲེལ་འཐབ་ནི་དེ་ བརྒྱ་ཆ་༤༠ དེ་ཅིག་ མར་བབས་སོང་ཡི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འབྲུག་པའི་བཀྲམ་སྤེལ་བ་ཚུ་གིས་ ཁོང་ལས་ ཚོད་བསྲེ་ཚུ་ ཉོ་འབག་པའི་སྐབས་ རྒྱ་གར་གྱི་ ཏི་རུ་དང་ འབྲུག་པའི་ཏི་རུ་ གང་བྱུང་གི་ཐོག་ལས་སྦེ་ སྤྲོད་དོ་ཡོདཔ་ཨིན་རུང་ ད་རེས་ འབྲུག་ལུ་ རུ་པིའི་དཀའ་ངལ་ཐོན་མི་ལུ་བརྟེན་ རྒྱལ་ཁབ་༢ ཆ་རའི་ ཚོང་འབྲེལ་བ་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཐིམ་ཕུ་བཟུམ་ཅིག་ནང་ ཚོད་བསྲེ་བཙོང་མི་དང་ བཀྲམ་སྤེལ་འབད་མི་ཚུ་གིས་ ཚོད་བསྲེའི་གོང་ཚད་ཚུ་ མཐོ་སུ་སྦེ་རྐྱབ་ཐོག་ལས་བཙོངམ་ད་ ཉོ་མི་ཚུ་གིས་ གོང་ཚད་མཐོ་དྲགས་པའི་སྐོར་ ཉོགས་བཤད་བཀོདཔ་ད་ རུ་པིའི་དཀའ་ངལ་ལུ་བརྟེན་ ཚོད་བསྲེའི་གོང་ཚད་ ཡར་སེང་སོང་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཚུ་གིས་འབད་བ་ཅིན་ ཚོད་བསྲེའི་གོང་ཚད་ཚུ་ ཡར་སེང་རྐྱབ་རྐྱབ་མེད་ཟེར་ཨིན་པས།
འདས་པའི་ལོ་༢༥ དེ་ཅིག་གི་རིང་ པཱསི་མ་འིལ་ཚོད་བསྲེ་ཁྲོམ་ལས་ འབྲུག་ལུ་ ཚོད་བསྲེ་བཀྲམ་འབད་མི་ སྐྱེས་ལོ་༤༢ ལང་མི་ རོན་ཇིཏ་ གུཤ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འབྲུག་དང་ རྒྱ་གར་གྱི་ ཏི་རུ་གང་རུང་ འགྱོ་བཏུབ་ནི་དེ་གིས་ བྱ་སྟབས་བདེ་ཏོག་ཏོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ གནས་སྟངས་ནང་ ཁོང་གིས་ དངུལ་ཀྲམ་ལེན་མི་ཚུགས་དོ་ཡོདཔ་མ་ཚད་ འབྲུག་མི་ཚུ་གིས་ རུ་པི་སྤྲོད་མ་ཚུགས་མི་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཕ་ལ་ཀ་ཊ་ལས་ སྐྱེས་ལོ་༣༤ ལང་མི་ བླམ་བན་ད་ བཀྲམ་སྤེལ་བ་ བི་ཀཱཤ་ མཱུན་ཌལ་གིས་འབད་བ་ཅིན་ བླམ་བན་ད་ལུ་ཡང་ ལྷམ་པ་༣ ཡོད་མིའི་གྲས་ལས་ ཨང་དང་པ་དེ་ འབྲུག་ལུ་ བཙོང་དོ་ཟེར་ཨིནམ་ད་ ཁོ་གི་ཆ་རོགས་ སེ་ལིསི་གིས་འབད་བ་ཅིན་ མ་གཞི་ ཁོ་གིས་ དངུལ་ཀྲམ་ལེན་ནི་མེད་རུང་ རེ་ཚེ་སྐབས་ ཐབས་མེད་པར་ དུམ་གྲ་རེ་ ལེན་དགོཔ་བྱུངམ་ད་ རུ་པི་༡༠༠ ལུ་ དངུལ་ཀྲམ་༡༢༠ ལེན་དོ་ཟེར་ཨིན་པས།
རེས་གཟའ་པ་སངས་ལུ་ གོ་གྱོན་ཏེ་ ཁྲོམ་བཤལ་ཐོག་ལས་ ཚོད་བསྲེ་ཉོ་མི་ཅིག་ སྤུ་ན་ཁ་ལས་ ཨཔ་དངོས་གྲུབ་དེ་ཨིནམ་ད་ ཁོ་གིས་ འདས་པའི་ལོ་ངོ་༢༨ དེ་ཅིག་གི་རིང་ ཨ་རྟག་ར་ ཁོ་རའི་ སྣུམ་འཁོར་བདའ་སོང་སྟེ་ ཁྲོམ་ཁར་འབག་འོང་མི་ གཡུས་མི་ཚུ་ལས་ ཚོད་བསྲེ་ཉོ་འབགཔ་མ་གཏོགས་ བཀྲམ་སྤེལ་བ་གཞན་ཚུ་ལས་ ཉོ་ནི་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཕ་ལ་ཀ་ཊ་ལས་ ཉི་མ་དབང་འདུས།

No comments:

Post a Comment