གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་ལག་ལེན་དང་ ནག་ཚོང་འཐབ་མི་ ཕོ་སྐྱེས་༤ འཛིན་བཟུང་།

འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ།
༡༩/༠༥/༡༢  ༉ ཐིམ་ཕུའི་ ཁྲིམས་སྲུང་འགག་པ་ཚུ་གིས་ བདུན་ཕྲག་འདི་ནང་ སྨྱོ་རྫས་ལག་ལེན་འཐབ་མི་དང་ ནག་ཚོང་འཐབ་མི་ ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་འོང་མི་ སྣུམ་འཁོར་ཌི་སི་ཨེམ་ཊཱག་ཅིག་ནང་ སྨྱོ་རྫས་འབག་འགྱོ་དེས་ཟེར་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུ་ལྕང་ཟམ་ཏོག་ལས་ སྣུམ་འཁོར་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྣུམ་འཁོར་ནང་ སྨྱོ་རྫས་ཀོ་རེགསི་དམ་སྦྱིས་༡༠༠ དང་ ཨིསི་པེས་མོ་ པོ་སི་བཱན་༥༧༥ ཐོབ་ཡོདཔ་ཨིན་པས།
སྨྱོ་རྫས་ཚུ་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཐིམ་ཕུ་ སྒེར་སྡེ་ནང་ལཱ་འབད་མི་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་ལུ་ ལག་རྟགས་སྦེ་ བསྐྱལ་ཡོདཔ་ཨིན་པས།
ལག་རྟགས་བསྐྱལ་མི་དེ་གི་སྐོར་ལས་ ཤེས་ཞིནམ་ལས་ ཕོ་སྐྱེས་དེ་ འཚོལ་ཞིབ་འབད་བའི་སྐབས་ ཕུན་ཚོགས་གླིང་གི་ ཟ་ཁང་ཅིག་ནང་ལས་ བདའ་ཟུན་ཡི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ ཕོ་སྐྱེས་སྡོད་སའི་ ཟ་ཁང་ནང་ལས་ སྨྱོ་རྫས་ཨིསི་པེས་མོ་ པོ་སི་བཱན་༢༨༨ དང་ རི་ལི་པེན་༡༠༠ དེ་ལས་ ནི་ཊོ་སིན་༡༠༠ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་གྱི་ དེད་གཡོགཔ་དེ་ཡང་ འཛིན་བཟུང་འབད་དེ་ དྲི་དཔྱད་འབད་བའི་སྐབས་ ཁོ་ལུ་ ཉེས་པ་མེདཔ་མ་ཚད་ སྨྱོ་རྫས་བརྟག་དཔྱད་འབདཝ་ད་ལུ་ཡང་ མ་སྤྱོདཔ་ཐག་ཆོད་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ལས་ དེ་ཚེ་ ཕྱི་རུ་ར་ བཏང་ཡི་ཟེར་ཨིན་པས།
བཀྲིས་གཡང་རྩེ་དང་ ལྷུན་རྩེ་ལས་ཨིན་མི་ གཞན་ཕོ་སྐྱེས་༢ པོ་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༡༧ གྱི་ དྲོ་པའི་ཆུ་ཚོད་༧ ལུ་ ཐིམ་ཕུ་ལྕང་ཟམ་ཏོག་གི་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་ནང་ལས་ སྒེར་གྱི་སྣུམ་འཁོར་བཏང་མི་ ཕོ་སྐྱེས་ཅིག་གིས་ སྨྱོ་རྫས་སྤྱོདཔ་མ་ཚད་ ཉོ་མི་ཡང་ འཚོལ་དེས་ཟེར་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཆུ་ཁ་ལས་ཨིན་མི་ སྐྱེས་ལོ་༣༤ ལང་་མི་ ཕོ་སྐྱེས་དེ་ འཛིན་བཟུང་འབདཝ་མ་ཚད་ ཁོ་གི་སྣུམ་འཁོར་ནང་ལས་ སྨྱོ་རྫས་ནི་ཊོ་སིན་༦༠ དང་ ཨིསི་པེས་མོ་ པོ་སི་བཱན་༥༤༧ དེ་ལས་ ཀོ་རེག་སི་དམ་སྦྱིས་༡ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ད་ལྟོ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཕྱི་རུའི་ཆུ་ཚོད་༩:༣༠ དེ་ཅིག་ཁར་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཐིམ་ཕུ་ཧོང་ཀོང་མར་ཀེཊ་ནང་ འགྲུལ་འཕྲིན་མོ་བཱ་ཡལ་གྱི་ ཚོང་ཁང་གི་ ཚོང་དཔོན་དེ་གིས་ སྨྱོ་རྫས་བཙོང་དོ་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་དེ་ གཞལམ་སྒང་ལས་ཨིནམ་ད་ ཁོ་གི་ ཚོང་ཁང་ནང་ལས་ ཨིསི་པེས་མོ་ པོ་སི་བཱན་༡,༨༢༢ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ ཕོ་སྐྱེས་༤ པོ་ཆ་ར་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ ཁོང་ཆ་ཁྱབ་ བཀག་དམ་ཅན་གྱི་ ཅ་ཆས་ཚོང་འབྲེལ་འཐབ་མིའི་ཐད་ཁར་ ཉེས་འཛུགས་འབད་ནི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment