གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་བཀྲམ་སྤེལ་ནང་ལཱ་འབད་མི་ གཡུས་ཁའི་མི་སེར་ཚུ་ གླ་ཆ་མ་ཐོབ་པར་ཡོདཔ།



ཟླ་༣ པའི་ཚེས་༢༨།

༡༨/༥/༢༠༡༢

ཁག་འབགཔ་གིས་འབད་བ་ཅིན་ གླ་ཆ་མ་སྤྲོད་མི་ཚུ་ ཆ་མཉམ་ར་ ལཱ་གཞན་ཁག་༢ མཇུག་བསྡུ་ཞིནམ་ལས་ སྤྲོད་ནི་ཨིན་ཟེར་ སླབ་དེས་ཟེར་ཨིན་པས།

གློག་མེ་བཀྲམ་སྤེལ་ལྷོད་མི་ ཕི་ལུ་མ་གཡུས་ཚན་གྱི་མཐོང་སྣང་།
༉ ཨོ་རོང་རྒེད་འོག་འོག་གི་ ཕི་ལུ་མ་གཡུས་ཚན་ནང་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ལས་ གློག་མེ་ལྷོད་ཡོདཔ་ཨིན་རུང་ གློག་མེ་བཀྲམ་སྤེལ་ནང་ལཱ་འབད་མི་ གཡུས་ཁའི་མི་སེར་ཚུ་ ད་ལྟོ་ཡང་ ཁག་འབགཔ་ལས་ གླ་ཆ་མ་ཐོབ་པར་ ཡོདཔ་ཨིན་པས།


ལཱ་ལྟ་རྟོག་འབད་མི་དེ་གིས་ ཁག་འབགཔ་དེ་དང་ འཕྱད་ནིའི་དོན་ལུ་ འགྲུལ་འཕྲིན་བཏང་སྟེ་ ཟླཝ་བདུན་ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
ལཱ་ལྟ་རྟོག་འབད་མི་ ཡོན་ཏན་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁག་འབགཔ་དེ་གིས་ ཁོ་རའི་འགྲུལ་འཕྲིན་ཨང་གྲངས་དེ་ འཕྲལ་འཕྲལ་སྦེ་ར་ སོར་བཏང་དོ་ཡོདཔ་ལས་ ཁོ་དང་ཕྱད་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་ འགྲུལ་འཕྲིན་ནང་ ཕྱད་ཚུགས་པའི་སྐབས་ལུ་ ལས་མི་ཚུ་གིས་ ལྷོད་མ་ཚུགས་པའི་ ས་ཁོངས་ནང་ཡོད་ཟེར་ སླབ་མས་ཟེར་ཨིནམ་ད་ ཁོ་གིས་ ལས་མི་ཚུ་གི་ གླ་ཆ་མི་སྤྲོད་ནིའི་དོན་ལུ་ ཨ་རྟག་ར་ ཤོབ་རྐྱབ་མས་ཟེར་ ཡོན་ཏན་ནོར་བུ་གིས་ སླབ་ཨིན་པས།
ཕི་ལུ་མ་གཡུས་ཚན་དེ་ སྣུམ་འཁོར་ལམ་ཡོད་ས་ལས་ དུས་ཡུན་ཆུ་ཚོད་༣ རྐང་ཐང་སྦེ་ འགྱོ་དགོཔ་ཨིན་པས།
ཕི་ལུ་མ་གཡུས་ཚན་ནང་ལས་ གློག་མེ་བཀྲམ་སྤེལ་ནང་ལཱ་འབད་མི་ མི་སེར་༡༦༥ ལུ་ གླ་ཆ་ཚུ་མ་སྤྲོདཔ་ཨིན་པས།
མི་སེར་ཚུ་གིས་ གློག་མེའི་ཀཝ་དང་ གློག་ཐག་ དེ་ལས་ ཤིང་བཏོག་ནིའི་ལཱ་ཚུ་ འབད་ཡོདཔ་བཞིན་དུ་ གླ་ཆའི་ཐད་ཁར་ ཉིནམ་རེ་ནང་ དངུལ་ཀྲམ་༡༥༠ རེ་ སྤྲོད་ནི་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ལ་ལུ་ཅིག་གིས་ བདུན་ཕྲག་རེ་ ལཱ་འབད་ཡོདཔ་ད་ ལ་ལུ་ཅིག་གིས་ཟླཝ་༣ ལས་༤ གི་བར་ན་ ལཱ་འབད་ཡོདཔ་ཨིན་པས།
ཡོན་ཏན་ནོར་བུ་གིས་ ལས་མི་ཚུ་གི་ གླ་ཆའི་རྩིས་རྐྱབ་ད་ ཡོངས་བསྡོམས་དངུལ་ཀྲམ་༤༡༥,༠༠༠ གནསཔ་མས་ཟེར་ སླབ་ཨིན་པས།
ད་རུང་ ལས་མི་ཚུ་ ཤིང་བཏོག་ནི་དང་ ནགས་ཚལ་བསལ་ནི་ཀཝ་བརྡབ་མི་ཚུ་ལུ་ཡང་ གླ་ཆ་མ་སྤྲོད་པར་ཡོདཔ་ལས་ ཁོང་གི་དོན་ལུ་ ཡོངས་བསྡོམས་གླ་ཆ་དངུལ་ཀྲམ་༨༢,༢༠༨༣ སྤྲོད་ནི་ཡོདཔ་ཨིན་པས།
ཕི་ལུ་མ་གཡུས་ཚན་ནང་ གློག་མེ་བཀྲམ་སྤེལ་གྱི་ ལས་འགུལ་དེ་ ལོ་༡ གི་དོན་ལུ་ཨིནམ་ལས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཕི་ལུ་མ་གཡུས་ཚན་ལས་ ལས་འགུལ་ནང་ ལཱ་འབད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁག་འབགཔ་གིས་ ཁོང་ ལས་མི་ཚུ་ལུ་ གླ་ཆ་མ་སྤྲོད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ལཱ་ལྟ་རྟོག་པ་དང་ གཡུས་མི་ཚུ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་ལུ་ གླ་ཆ་མ་སྤྲོད་པའི་སྐོར་ལས་ ཉོགས་བཤད་བཀོད་ཅི་ཟེར་ཨིན་པས།
ཕི་ལུ་མ་གཡུས་ཚན་གྱི་ མི་སེར་ཚུ་གིས་ འཚོལ་བའི་བསྒང་ཡོད་མི་ ཁག་འབགཔ་དེ་ ད་ལྟོ་ མར་ཚ་ལ་རྒེད་འོག་གི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་འབད་མི་དེ་ཨིན་པས།
ཁག་འབགཔ་དེ་གིས་ གླ་ཆ་ཚུ་ དུས་ཚོད་ཁར་མ་སྤྲོདཔ་ལས་ ལས་མི་ཚུ་གིས་ ལཱ་འབད་བར་ མ་འོངམ་ལས་བརྟེན་ ཁོ་གི་ལཱ་དེ་ ཟླཝ་༡༤ གིས་ དུས་ཚོད་ཕྱིས་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ འཛིན་སྐྱོང་པ་ མགོན་པོ་གིས་འབད་བ་ཅིན་ ཕི་ལུ་མ་གཡུས་ཚན་ནང་ གློག་མེ་བཀྲམ་སྤེལ་འབད་མིའི་ མ་དངུལ་ཚུ་ ཁག་འབགཔ་དེ་ལུ་ རྩིས་རྐྱབ་སྟེ་ སྤྲོད་ཚར་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁག་འབགཔ་དེ་གིས་ ལས་མི་ཚུ་གི་ གླ་ཆ་བརྒྱ་ཆ་༥༠ རྩིས་རྐྱབ་སྟེ་ བྱིན་ནི་ཟེར་ སླབ་ཡོདཔ་ད་ གཞན་ ལྷག་ལུས་དེ་ ལཱ་ཁག་༢ མཇུག་བསྡུ་ཞིནམ་ལས་ སྤྲོད་ནི་ཨིན་པའི་སྐོར་ལས་ སླབ་དེས་ཟེར་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ གནད་དོན་འདི་གི་སྐོར་ལས་ དྲི་དཔྱད་འབད་ནིའི་དོན་ལུ་ ཁག་འབགཔ་དེ་དང་ ཕྱད་མ་ཚུགས་པའི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment