གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་སྣ་ཕྱེད་ཀ་དེ་ཅིག་གི་ གྲུབ་འབྲས་ངལ་རངས་ཏོག་ཏོ་བྱུང་ཡོདཔ།

གཞུང་གིས་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ མགྱོགས་འགྲོས་སེང་ནིའི་ སྙན་ཞུ་བཏོན་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ མགྱོགས་འགྲོས་སེང་ནིའི་ སྙན་ཞུ་གསལ་བཀོད་འབད་མི་དང་འཁྲིལཝ་ད་ འདས་པའི་ཟླ་ངོ་༣༣ གྱི་ ནང་འཁོད་ལུ་ དཔལ་འབྱོར་གྱི་ ལས་སྡེ་༥ ནང་ ལཱ་གཡོག་གི་ གོ་སྐབས་ཡོངས་བསྡོམས་༢༡,༠༠༠ སྤྲོད་ཚུགས་ཡོདཔ་ཨིན་པས།


མ་གཞི་ འཆར་གཞི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༢ ཟླཝ་༦ གི་ནང་འཁོད་ལུ་ ལཱ་གཡོག་གི་ ས་སྟོང་༡༩,༢༠༠ སྤྲོད་ནི་གི་དམིགས་གཏད་བསྐྱེད་མི་ལས་ ས་སྟོང་༣༠,༠༠༠ བཏོན་ཚུགས་མི་དེ་ གྲུབ་འབྲས་ཅན་ཅིག་ཨིན་པས།
སྙན་ཞུ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བསྡུ་སྒྲིག་འབད་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ བསྐྱར་ཞིབ་ཀྱི་དོན་ལུ་ ཕུལ་ཡོདཔ་ཨིན་པས།
དཔལ་འབྱོར་གྱི་ ལས་སྡེ་༥ ལས་ ལྟ་བཤལ་ལས་སྡེའི་ནང་ སྤྱི་ལོ་༢༠༡༠ ལུ་ འབྲུག་ལུ་ ལྟ་བཤལཔ་༦༥,༠༠༠ འོང་མི་ལས་ སྤྱི་ལོ་༢༠༡༡ གི་ལོ་ནང་༦༥,༧༥༦ ཡར་སེང་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༤ གི་ ནང་འཁོད་ལུ་ར་ ལྟ་བཤལཔ་༡༢,༢༨༩ ལྷོད་མི་ལུ་ བལྟ་བ་ཅིན་ ལོ་འདི་ནང་ ལྟ་བཤལཔ་༡༠༠,༠༠༠ འོང་བཅུག་ནིའི་ སྲིད་བྱུས་དེ་ འགྲུབ་ཚུགས་ནི་མས་ཟེར་ ལྷན་རྒྱས་གཞུང་ཚོགས་ལས་ གསལ་བཀོད་འབད་ཡོདཔ་ད་ དུས་ཅི་ ལྟ་བཤལཔ་ཡར་སེང་འགྱོ་མི་དེ་ཡང་ རྒྱལ་ཁབ་ནང་ ནང་འཁོད་གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
སོ་ནམ་ལས་སྡེའི་ནང་ སྤྱི་ལོ་༢༠༡༢ ཟླཝ་༦ པ་ཚུན་ དམིགས་གཏད་བསྐྱེད་མིའི་ འཆར་གཞི་ལས་སྣ་ཚུ་གི་ གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ ཨོམ་ཀི་ལོ་ལི་ཊར་༡༢༠ ཐོན་སྐྱེད་འབད་ནིའི་ དམིགས་གཏད་བསྐྱེད་མི་ལས་ ཀི་ལོ་ལི་ཊར་༢༩༤ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ཐིམ་ཕུའི་ནང་འཁོད་ལུ་ སྟོང་ཕུ་ཤིང་གི་ནགས་ཚལ་གྱི་ཁྱབ་ཚད་ ཧེག་ཊར་༡,༠༠༠ ལུ་ གནས་ནི་ཨིན་མི་དེ་ ཧེག་ཊར་༡,༡༢༧ ལུ་ ལྷོད་ཡོདཔ་ཨིན་པས།
དེ་ལས་ ཆུམ་མེ་ཊིག་ཊཱན་/ཧེག་ཊར་༣.༢ ཐོན་སྐྱེད་འབད་ནི་གི་ རེ་བ་བསྐྱེད་མི་དེ་ མེ་ཊིག་ཊཱན་/ཧེག་ཊར་༣.༣༨ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ཤུལ་མའི་ལོ་༥ གི་ ནང་འཁོད་ལུ་ མར་ཁུའི་སོན་བཏབ་ནིའི་ ས་ཆ་ཨེ་ཀར་༨༠༠ ལུ་ ཡར་སེང་རྐྱབ་ནིའི་དོན་ལུ་ འཇིགས་མེད་ཚོང་ལས་དང་གཅིག་ཁར་ ཆིངས་ཡིག་ཅིག་གུ་ མཚན་རྟགས་ཡང་ བཀོད་ཅི་ཟེར་ཨིན་པས།
བརྡ་དོན་འཕྲུལ་རིག་ལས་སྡེའི་ནང་ དགེ་ལེགས་ཕུག་ལས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་བ་གེ་གཱོན་ཚུན་ ས་འོག་ལས་ གློག་ཐག་ ཀི་ལོ་མི་ཊར་༥༠ སྦྲེལ་མཐུད་འབད་མི་དེ་ སྤྱི་ཟླ་༣ པའི་ནང་ འགོ་བྱེད་འབད་ཡོདཔ་ད་ ལམ་སྲོལ་གོང་འཕེལ་གཏང་ནིའི་དོན་ལུ་ འཕྲལ་མགྱོགས་ར་ གཞལམ་སྒང་ལུ་ ཚར་གྱི་ལག་བཟོ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ད་ཚུན་གྱི་བར་ ལམ་སྲོལ་དང་འབྲེལ་བའི་ བཟོ་གྲྭ་ཁང་ཚུ་གིས་ ལཱ་གཡོག་༤༧༧ སྤྲོད་མི་དེ་ ཕན་ཐོགས་ཅན་ཅིག་ བྱུང་ཡི་ཟེར་ སྙན་ཞུའི་ནང་བཀོད་ནུག།
ཤེས་རིག་ནང་ རྒྱལ་ཡོངས་ཨ་ལུ་མཐའ་སྐྱོང་དང་ གོང་འཕེལ་ ཤེས་ཡོན་གོང་འཕེལ་ དེ་ལས་ ཤེས་རིག་སྲིད་བྱུས་ཀྱི་ ཟིན་འགོད་འབད་མི་ཚུ་ བསྐྱར་ཞིབ་ཀྱི་དོན་ལུ་ གཞུང་ལུ་ཕུལ་ཡོདཔ་ད་ ལག་རྩལ་སྦྱོང་བརྡར་གྱི་དོན་ལུ་ འབྲུག་གི་ན་གཞོན་༣༠༠ དེ་ཅིག་ གློག་མེ་དང་འབྲེལ་བའི་ བཟོ་སྐྲུན་སྦྱོང་བརྡར་འབད་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་དང་ རྒྱ་གར་གྱི་ལས་སྡེ་ ཇཱའི་པར་ཀཱཤ་དང་གཅིག་ཁར་ བློ་སླབ་སྟེ་ རྒྱ་གར་ལུ་ བཏང་ཡོདཔ་ཨིན་པས།
དེ་ལས་ གཞུང་གིས་ མི་མང་ལུ་ ཞབས་ཏོག་ཐད་ཀར་དུ་ བྱིན་ནིའི་དོན་ལུ་ ཉོགས་མེད་ལག་ཁྱེར་དང་ ལམ་ཡིག་ ནགས་ཚལ་གྱི་ ཆོག་ཐམ་ ཚོང་འབྲེལ་ཆོག་ཐམ་སྤྲོད་མི་ ལྟེ་བ་༢༣ གཞི་བཙུགས་འབད་ནུག།
མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ མགྱོགས་འགྲོས་སྙན་ཞུ་དེ་ གཞུང་གིས་ཕུལ་མི་ སྙན་ཞུ་༧ པ་ཨིནམ་ད་ གཞུང་གིས་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་༧༡ བརྩམས་མི་ལས་༣༣ གྱི་ གྲུབ་འབྲས་ཚུ་ ངལ་རངས་ཏོག་ཏོ་བྱུང་ཡོདཔ་ད་ ལས་སྣ་༣༠ དེ་ ད་ལྟོ་འབད་བའི་བསྒང་ཡོད་པའི་ཁར་ ལས་སྣ་༦ འགྲུབ་མ་ཚུགས་པའི་ འོས་འབབ་དང་ ལས་སྣ་༢ དུས་ཚོད་ཁར་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ གྲུབ་འབྲས་ངོ་མ་ར་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ དེ་ལས་ གཞུང་དང་ མི་མང་གི་བར་ནའི་ཞབས་ཏོག་ཚུ་ ལེགས་ཤོམ་བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment