གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཙན་དན་ཤིང་གི་ ཡུན་བརྟན་འཛིན་སྐྱོང་དང་ ཉམས་སྲུང་གི་ ཞིབ་འཚོལ་འབད་དགོཔ།

ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢

གནང་བ་མེད་པར་བརྡབས་བཏང་མི་ ཙན་དན་ཤིང་གི་དུམ།
༉ འབྲུག་རྒྱལ་ཡོངས་ཀྱི་ ཙན་དན་ཤིང་དེ་ ཡུན་བརྟན་གནས་ཚུགས་མི་ཅིག་ཨིནམ་ལས་ རྫོང་གཞིས་ཁག་དང་ ལྷ་ཁང་ དགོན་སྡེ་ཚུ་གི་དོན་ལུ་ ཀ་ཆེན་ལ་སོགས་པའི་ཤིང་ཆའི་དོན་ལུ་ མཁོ་འདོད་སྦོམ་ཡོདཔ་ལས་ ཉེ་འདབས་ཀྱི་ ཙན་དན་ཤིང་ཚུ་ ལག་ལེན་འཐབ་ཚར་བའི་ཁར་ དུམ་གྲ་རེ་ ཡོད་མི་ཚུ་ཡང་ དོ་འགྲན་ཅན་གྱི་ གནས་སྟངས་ཐོག་ལུ་འདུག་ཟེར་ ཞིབ་འཚོལ་སྙན་ཞུ་ཅིག་ནང་བཀོད་ནུག།


དེ་ཡང་ བུམ་ཐང་ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ནང་ལས་ འགོ་དཔོན་སྡེ་ཚན་ཅིག་གིས་ ཙན་དན་དང་ ཙན་དན་ཁྱབ་ཚད་ཀྱི་ ཞིབ་འཚོལ་འབད་མི་སྙན་ཞུ་དེ་ ཁ་ཙ་ ཐིམ་ཕུ་ལུ་ གྲོས་བསྡུར་འབད་བའི་སྐབས་ ཙན་དན་གྱི་ཉམས་སྲུང་དང་འབྲེལ་བའི་ གྲོས་བསྡུར་ཚུ་བྱུང་ཡི།
ཞིབ་འཚོལ་དང་འཁྲིལཝ་ད་ ཙན་དན་ཤིང་གི་ཉམས་སྲུང་དོན་ལུ་ ཤིང་དེ་ སྲུང་སྐྱོབ་ཀྱི་དབྱེ་རིམ་ནང་བཙུགས་ཏེ་ ཙན་དན་ཤིང་གི་གནས་སྟངས་དང་ ཁྱབ་ཚད་ དེ་ལས་ ཡུན་བརྟན་འཛིན་སྐྱོང་གནས་སྟངས་ཚུ་ ཧ་མ་གོ་ཚུན་ ཤིང་དེ་གི་ ལག་ལེན་ཚུ་བཀག་ཆ་འབད་དགོཔ་འདུག་ཟེར་ཨིན་པས།
ད་ཚུན་ ཙན་དན་ཤིང་གི་ཁྱབ་ཚད་དང་ དེ་དང་འབྲེལ་བའི་ཤེས་ཡོན་ཞིབ་འཚོལ་ཚུ་ ག་ནི་ཡང་མེདཔ་ཨིན་རུང་ ཞིབ་འཚོལ་དེ་དང་འཁྲིལ་བ་ཅིན་ རང་བཞིན་གྱིས་སྐྱེས་པའི་ ཙན་དན་ཤིང་གི་ ཡུན་བརྟན་ལུ་ ཉམས་སྲུང་དང་འབྲེལ་བའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཞིབ་འཚོལ་འགོ་ཁྲིད་འབད་མི་ ཞིབ་འཚོལ་འགོ་དཔོན་ འཕྲིན་ལས་དབང་འདུས་ཀྱིས་ བཤད་མིའི་ནང་ ཉེན་ཁ་ངོ་མ་ར་ ཙན་དན་དེ་ རྫོང་གཞིས་ཁག་དང་ ལྷ་ཁང་ དགོན་སྡེ་ཚུ་གི་ ཉམས་གསོ་དང་ གསར་བཞེངས་ཚུ་གི་དོན་ལུ་ ཤིང་དེ་ར་ མཁོ་འདོད་བསྐྱེད་དོ་ཡོདཔ་ལས་ ལག་ལེན་ཚད་ལས་བརྒལ་སོ་པ་ཅིན་ ཤིང་དེ་གི་ཉམས་སྲུང་ལུ་ དཀའ་ངལ་གྱི་ འོས་འབབ་འདུག་ཟེར་ཨིན་པས།
ནགས་ཚལ་ནང་ རང་བཞིན་གྱིས་སྐྱེས་པའི་ཙན་དན་ཤིང་དེ་ དབང་འདུས་དང་ སྤུ་ན་ཁ་ ལྷུན་རྩེ་ དེ་ལས་ བཀྲིས་སྒང་ཚུ་ནང་ལས་ཕར་ རྒྱ་མཚོའི་གནས་ཚད་ལས་ ཕིཊ་༡,༨༠༠ དང་༢,༩༠༠ གི་བར་ན་ལས་ཕར་ཡོདཔ་ཨིན་པས།
འཕྲིན་ལས་དབང་འདུས་ཀྱིས་ བཤད་མིའི་ནང་ ཞིབ་འཚོལ་སྡེ་ཚན་གྱིས་ དབང་འདུས་ ཉི་ཆུ་ཕུ་གི་ས་གནས་ཁར་ ཙན་དན་གྱི་ནགས་ཚལ་ནང་ སྒེར་དོན་ལུ་ ཙན་དན་ཤིང་ ཚུལ་མིན་ཐོག་བརྡབས་ཡོད་པའི་ མཐོང་གསལ་བྱུང་ཡོདཔ་ལས་ ཤིང་དེ་ཁྱིམ་ནང་ མཆོད་བཤམ་ལ་སོགས་པའི་ ཅ་ཆས་ཚུ་གི་དོན་ལུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
དེ་མ་ཚད་ ནགས་མེ་དང་ སྒོ་ནོར་ཚུ་གིས་ ཤིང་གི་ལྕངམ་ཚུ་ མེདཔ་བཏང་དོ་ཡོདཔ་ལས་ གསར་སྐྱེས་རྒྱ་དྲགས་མཐོང་ནི་མིན་འདུག་ཟེར་ཨིནམ་ད་ དེ་འབད་ནི་དེ་གིས་ ནགས་ཚལ་ནང་ཡོད་མི་དེ་ ལག་ལེན་འཐབ་ཚར་བའི་བསྒང་ལས་ མ་འོངས་པའི་དོན་ལུ་གསརཔ་འཐོན་ནི་དེ་ དཀོན་སུ་ཅིག་ འོང་ནི་གི་ཉེན་ཁ་ཡང་བཤདཔ་ཨིན་པས།
གྲོས་བསྡུར་ནང་བཅའ་མར་གཏོགས་མི་ ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དབང་འདུས་ཀྱི་ས་གནས་ཅིག་ནང་ ཧེ་མ་ཙན་དན་སྦོམ་ལེ་ཤ་ཡོད་རུང་ སྤ་རོ་དང་ སྤུ་ན་ཁའི་ རྫོང་ཉམས་གསོའི་སྐབས་ ལག་ལེན་འཐབ་ཡོདཔ་སྦེ་ ས་གནས་ཀྱི་མི་སེར་ཚུ་གིས་ བཤད་ནི་འདུག་ཟེར་ཨིན་པས།
དེ་དང་འབྲེལ་ ཙན་དན་དང་འབྲེལ་བའི་ ཞིབ་འཚོལ་འབདཝ་རུང་ འཕྲོ་མཐུད་དེ་ ལེགས་ཤོམ་འབད་དགོ་པའི་ བསླབ་བཀོད་འབད་ཡོདཔ་མ་ཚད་ ཙན་དན་ཤིང་གི་ཁྱབ་ཚད་དང་ ཡུན་བརྟན་འཛིན་སྐྱོང་གི་འཆར་གཞི་ཚུ་ཡང་ གཞི་བཙུགས་འབད་དགོ་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment