གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨཱསི་ཊ་ལི་ཡའི་ ཁས་བླངས་པ་ཚུ་གིས་ འབྲུག་ལུ་ ཆ་རོག་ས་འབད་ནི།

ཟླ་༣ པའི་ཚེས་༢༧།
འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བྲེ་སྲང་རྣམ་རྒྱལ་དང་ འབྲུག་ལུ་ ཨཱསི་ཊ་ལི་ཡའི་གཞུང་ཚབ་ པི་ཊར་ བཱར་གིསི་ ཨེ་ཨོ་གིས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།
༡༧/༥/༢༠༡༢

༉ ཨཱསི་ཊ་ལི་ཡའི་ ཁྱད་རིག་སྡེ་ཚན་ཅིག་ འབྲུག་གི་ གོང་འཕེལ་ལས་དོན་ནང་ ཆ་རོགས་འབད་བར་ འཕྲལ་མགྱོགས་ར་ རྒྱབ་ཁབ་ནང་ ལྷོད་ནི་ཨིནམ་ད་ དེ་ཡང་  གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ འབྲུག་དང་ ཨཱསི་ཊ་ལི་ཡའི་བར་ན་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་གནང་ཡོདཔ་ཨིན་པས།



ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་བ་ཅིན་ ཨཱསི་ཊེ་ལི་ཡ་གིས་ དུས་ཅིའི་ལོ་མཇུག་མ་བསྡུ་བའི་ཧེ་མར་ ཁས་བླངས་པ་༨ དེ་ཅིག་འབད་མི་ སྡེ་ཚན་ཅིག་ འབྲུག་ལུ་ དུས་ཡུན་ལོ་༡ དང་༢ ཀྱི་རིང་ ལཱ་འབད་བར་ གཏང་ནི་ཨིན་པས།
སྡེ་ཚན་དེ་གིས་ འགོ་ཐོག་སྐབས་ ཤེས་རིག་དང་ གསོ་བའི་ནང་ ཆ་རོགས་འབད་ནི་ལུ་ ཤུགས་བཏོན་ནི་ཨིནམ་ད་ ཁས་བླངས་པའི་ གཡོག་གནས་ཚུ་ ཨཱསི་ཊེ་ལི་ཡའི་གཞུང་གིས་ ཁག་འབག་གན་རྒྱ་བཟོ་ཡོད་མི་ མཉམ་རོགས་ལས་སྡེ་གིས་ འཛིན་སྐྱོང་འཐབ་ནི་ཟེར་ ནིའུ་ལྡི་ལིར་ ཨཱསི་ཊེ་ལི་ཡའི་ གཞུང་ཚབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བྲེ་སྲང་རྣམ་རྒྱལ་དང་གཅིག་ཁར་ ཆིངས་ཡིག་མཚན་རྟགས་བཀོད་མི་ འབྲུག་གི་དོན་ལས་ ཨཱསི་ཊེ་ལི་ཡའི་གཞུང་ཚབ་ པི་ཊར་ བཱར་གིསི་ ཨེ་ཨོ་གིས་ སླབ་མིའི་ནང་ ཨཱསི་ཊེ་ལི་ཡའི་ ཁྱད་རིག་ཅན་ཚུ་གིས་ འབྲུག་ལུ་ ཁས་བླངས་ཐོག་ལས་ ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་བསྐྱེདཔ་བཞིན་དུ་ ལས་རིམ་གསརཔ་འདི་གི་དོན་ལུ་ ཁྱད་རིག་ཅན་ལེ་ཤ་གིས་ ཞུ་ཡིག་བཙུག་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ཁས་བླངས་ལས་རིམ་དེ་ ཨཱསི་ཊེ་ལི་ཡ་གིས་ འབྲུག་དང་གཅིག་ཁར་ གོང་འཕེལ་གྱི་ མཐུན་ལམ་ནང་ མཉམ་འབྲེལ་འབད་དེ་ ཡུན་རིང་སོང་མིའི་ནང་ ལས་དོན་གསརཔ་ཅིག་ཨིནམ་ད་ ཨཱསི་ཊེ་ལི་ཡ་གིས་ འབྲུག་ལུ་ གོང་འཕེལ་དང་འབྲེལ་བའི་ གྲོགས་རམ་འབད་ནི་ འགོ་བཙུགས་ཏེ་ དུས་ཅི་འབདཝ་ད་ ལོ་ངོ་༥༠ འཁོར་བའི་ བརྩི་སྲུང་འབདཝ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
མཐུན་འབྲེལ་དེ་ཡང་ སྤྱི་ལོ་༡༩༦༢ ལུ་ འབྲུག་གིས་ མེལ་བཱོརན་ལུ་ ཀོ་ལོམ་བོ་འཆར་གཞིའི་ ཞལ་འཛོམས་ནང་ ལྟ་རྟོག་པ་སྦེ་ བཅའ་མར་གཏོགས་པའི་སྐབས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཨཱསི་ཊེ་ལི་ཡ་གིས་ ཟུང་ཕྱོགས་མཉམ་འབྲེལ་ནང་ གཙོ་བོ་ར་ སློབ་གཉེར་གྲོགས་རམ་ཐོག་ལས་ མི་སྟོབས་གོང་འཕེལ་གཏང་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ད་ འདས་པའི་ལོ་ངོ་དག་པ་ཅིག་གི་ ནང་འཁོད་ལུ་ ཨཱསི་ཊེ་ལི་ཡ་གིས་ འབྲུག་ལུ་ རོགས་རམ་བྱིན་མི་དེ་ སྤྱི་ལོ་༢༠༠༡ ལུ་ ཨཱསི་ཊེ་ལི་ཡའི་ཌོ་ལར་ས་ཡ་༡ ལས་ སྤྱི་ལོ་༢༠༡༢-༡༣ ལུ་ ཌོ་ལར་ས་ཡ་༡༡ དེ་ཅིག་གི་རྩིས་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༧ ལས་ཚུར་ ཨཱསི་ཊ་ལི་ཡའི་ གཞུང་གི་མ་སློབ་གཉེར་གྲོགས་རམ་ཐོག་ལས་ འབྲུག་གི་སློབ་ཕྲུག་༣༨༩ གིས་ ཨཱསི་ཊེ་ལི་ཡ་ལུ་ སློབ་སྦྱོང་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment