གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྐྱིད་རང་ལུགས་བཟོ་རིག་སློབ་གྲྭའི་དུས་སྟོན།

ཟླ་༣ པའི་ཚེས་༢༧།
༡༧/༥/༢༠༡༢

ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སློབ་ཕྲུག་ཚུ་ལུ་ མཐར་འཁྱོལ་ལག་ཁྱེར་གནང་པའི་བསྒང་།
༉ ཐིམ་ཕུ་དཀར་སྦིས་ས་ལུ་ ཆོས་སྐྱིད་རང་ལུགས་བཟོ་རིག་སློབ་གྲྭ་ གཞི་བཙུགས་འབད་དེ་ ལོ་ངོ་༡༢ འཁོར་བའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ སྤྱི་ལོ་༢༠༡༡ ལུ་ མཐར་འཁྱོལ་མི་ ལྷ་བྲིསཔ་༣ དང་ པ་ཏྲ་བརྐོ་མི་༦ ལུ་ སྐུ་མགྲོན་གཙོ་བོ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ལག་ཁྱེར་ཚུ་གནང་ཡི།


ཆོས་སྐྱིད་རང་ལུགས་བཟོ་རིག་སློབ་གྲྭ་དེ་ སྤྱི་ལོ་༡༩༩༩ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་ ཁྲི་ལོ་༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ སྔར་སྲོལ་བཟང་པོའི་ལམ་ལུགས་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་ པ་ཏྲ་དང་ ལྷ་བྲིས་ ཐགས་རིགས་ དེ་ལས་ ཚེམ་འདྲུབ་ཚུ་ ལྷབ་སྦྱང་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཆོས་སྐྱིད་རང་ལུགས་བཟོ་རིག་སློབ་གྲྭའི་ དབུ་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ སློབ་གྲྭ་ནང་ སློབ་ཕྲུག་ཡོངས་བསྡོམས་༡༢༣ ཡོད་མི་ལས་ བུཚ་༨༧ དང་ བུམོ་༣༦ ཡོདཔ་ད་ སློབ་ཕྲུག་ག་ར་གིས་ སྔར་སྲོལ་བཟང་པོའི་ལམ་ལུགས་ཚུ་ མ་འོངས་ཡུན་བརྟན་བཞག་ཐབས་ལུ་ དང་འདོད་དང་ བཙོན་ཤུགས་བསྐྱེད་དེ་ ལྷབ་སྦྱང་འབདཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ འགོ་ཐོག་སློབ་ཕྲུག་༣ མཐར་འཁྱོལ་ཡོདཔ་ད་ སྤྱི་ལོ་༢༠༠༦ ལུ་ སློབ་ཕྲུག་༥ དང་ སྤྱི་ལོ་༢༠༠༧ ལུ་ སློབ་ཕྲུག་༢ མཐར་འཁྱོལ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་ སྐྱིད་སྡུག་ཕོག་མི་ ཨ་ལུ་ཚུ་ཨིནམ་ལས་ སློབ་གྲྭ་ལས་ སློབ་སྦྱོང་འཐུས་དང་ བཞེས་སྒོ་ གནས་སྐབས་སྡོད་གནས་ཚུ་ག་ར་ སྟོང་མར་སྦེ་ བྱིན་དོ་ཟེར་ སླབ་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ སྔར་སྲོལ་ལམ་ལུགས་ཀྱི་ བཟོ་བཀོད་ནང་ ཁྱད་རིག་ཅན་ ཚད་ཅིག་ལས་བརྒལ་མེདཔ་ལས་ རྫོང་གཞིས་དང་ ལྷ་ཁང་ མཆོད་རྟེན་ དེ་ལས་ དགོན་སྡེ་ཚུ་ ཉམས་གསོ་ཞུ་ནིའི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ ལཱ་འབད་མི་མ་ཐོབ་པའི་ དཀའ་ངལ་སྦོམ་ཡོད་མི་ཚུ་ཡང་ བསལ་ཚུགས་ནི་མས་ཟེར་ཨིན་པས།
ལོ་ངོ་༣ པའི་ སློབ་ཕྲུག་ཚུ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ག་ར་ ཕམ་ཉམ་ཆུང་གི་ ཨ་ལུ་ཚུ་ཨིནམ་ལས་ སློབ་ཕྲུག་གཞན་ཚུ་བཟུམ་སྦེ་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་ནིའི་གོ་སྐབས་མ་ཐོབ་རུང་ ད་རེས་ བློན་པོ་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་ལུ་བརྟེན་ ལཱ་གཡོག་གི་གོ་སྐབས་དང་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་པའི་ ལྕོགས་གྲུབ་ཡོད་ལུགས་ཚུ་ གསུངས་གནང་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment