གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་བཙོང་མི་ཚུ་གིས་ རུ་པི་དགོ་པའི་ཞུ་བ།

ཟླ་༣ པའི་ཚེས་༢༥།
༡༥/༥/༢༠༡༢

རུ་པི་བྱིན་ནིའི་དབང་ཚད་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་རྐྱངམ་གཅིག་ལུ་ཡོད་ཟེར་ཨིན་པས།


༉ རྒྱལ་ཁབ་ནང་ ཚོད་བསྲེ་བསྡུ་ནིའི་དུས་ཚོད་ ཟླཝ་༡ ལས་བརྒལ་ མེད་པ་ལུ་བརྟེན་ཏེ་ རྒྱལ་ས་ལུ་ ཚོད་བསྲེ་བཙོང་མི་ཚུ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་དགོ་པའི་ ཞུ་གཏུགས་འབད་ནིའི་དོན་ལུ་ འདས་པའི་རེས་གཟའ་ཉི་མ་ལུ་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་འབད་སར་ བཅར་ཡོདཔ་ཨིན་པས།


དེ་བསྒང་ ཁོང་གིས་ ད་རེས་ཀྱི་ཟླ་མཇུག་ཚུན་ རུ་པི་གནང་དགོཔ་སྦེ་ཞུ་མི་ལུ་ སོ་ནམ་བློན་པོ་གིས་ ཚོད་བསྲེ་ནང་འདྲེན་ བཀག་དམ་འབད་ནི་ཨིན་ཟེར་མི་དེ་ མི་བདེན་ཟེར་ གསུངས་ཡོདཔ་ཨིན་རུང་ ཚོད་བསྲེ་བཙོང་མི་ཚུ་ལུ་ རུ་པི་བྱིན་ནིའི་སྐོར་ལས་ ངེས་ཏིག་མ་གསུངས་པར་ ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༥ པའི་ཚེས་༡༩ ལས་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ རུ་པི་བྱིན་ནི་ འགོ་བཙུག་ནི་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ ད་རེས་ ཚོད་བསྲེ་ནང་འདྲེན་འབད་མི་དེ་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་གིས་ ལང་མ་ཚུགས་མི་ལུ་བརྟེན་ཨིན་རུང་ ད་ལས་ཕར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་གིས་ མཁོ་འདོད་འགྲུབ་ཚུགས་པ་ཅིན་ གཞན་ལུ་ རེ་དགོཔ་མིན་འདུག་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་༣༩ ལས་༡༤ སྦུང་ཚོང་རྐྱབ་མི་དང་༢༥ སིལ་ཚོང་རྐྱབ་མི་ཨིནམ་ད་ སོ་ནམ་བློན་པོ་གིས་འབད་བ་ཅིན་ སྦུང་ཚོང་རྐྱབ་མི་༡ གིས་ར་ བདུན་ཕྲག་རེ་ལུ་ དངུལ་ཀྲམ་༢༠༠,༠༠༠ གནས་པའི་ ཚོད་བསྲེ་ནང་འདྲེན་འབད་བའི་ཁར་ སིལ་ཚོང་རྐྱབ་མི་༡ གིས་ དངུལ་ཀྲམ་༡༠,༠༠༠ དང་༢༠,༠༠༠ གི་བར་ན་ ནང་འདྲེན་འབདཝ་མས་ཟེར་ཨིན་པས།
དེ་ལས་ ལོ་བསྟར་བཞིན་དུ་ རྒྱ་གར་གྱི་ རུ་པི་ས་ཡ་༢༨༦ དེ་ཅིག་གནས་པའི་ ཤིང་འབྲས་ཚུ་ ནང་འདྲེན་འབད་མི་དེ་གིས་ཡང་ རྒྱལ་ཁབ་ཀྱི་ཏི་རུ་ མང་ཤོས་ཅིག་ ཕྱི་ཁར་འགྱོ་དོ་ཡོདཔ་ལས་ ག་ར་འབད་རུང་ ལེགས་ཤོམ་སྦེ་ མནོ་བསམ་གཏང་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཚོང་པ་གཅིག་གིས་ ཞུ་མིའི་ནང་ ཚོད་བསྲེ་སྒོགཔ་རྐྱངམ་གཅིག་མ་གཏོགས་ གཞན་ག་ར་ རྒྱལ་ཁབ་ནང་ལས་ར་ འཐོན་ཚུགས་ཟེར་ཨིནམ་ད་ ཚོད་བསྲེ་ཚུ་ སྤྱི་ཟླ་༦ པ་ལས་ བཙོང་ཚུགས་ནི་ཨིན་པའི་ཁར་ ཨེ་མ་ཡང་ ཟླཝ་༤ གི་རིང་ བཀྲམ་སྤེལ་འབད་ཚུགས་ནི་ཨིནམ་ལས་ ནང་འཁོད་ཀྱི་ མཁོ་འདོད་འགྲུབ་ཚུགས་ཟེར་ཨིན་པས།
ད་རུང་ ཚོང་པ་ཅིག་གིས་འབད་བ་ཅིན་ ཐིམ་ཕུ་ལུ་ ཚོད་བསྲེ་བཙོང་ནིའི་དུས་ཚོད་དེ་ སྤྱི་ཟླ་༦ པ་ལས་༨ པ་ཚུན་ཨིནམ་ལས་ དེ་བསྒང་ གཞུང་གིས་ རུ་པི་བྱིན་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ ད་རུང་ ཚོང་པ་གཅིག་གིས་ ཞུ་མིའི་ནང་ གཞུང་གིས་འབྲུག་བཟའ་སྤྱོད་ལས་འཛིན་ལུ་ རུ་པི་གནང་དོ་བཟུམ་སྦེ་ ཁོང་ལུ་ཡང་ གནང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
དེ་ལུ་ བློན་པོ་གིས་ གསུངས་མིའི་ནང་ རུ་པི་བྱིན་ནིའི་ དབང་ཚད་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ རྐྱངམ་གཅིག་ལུ་ཡོདཔ་ལས་ ཁོང་གིས་མ་བྱིན་པ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་ལས་ ཚོད་བསྲེ་ཉོ་སྟེ་ བཀྲམ་སྤེལ་འབད་དགོ་ཟེར་ཨིནམ་ད་ ལས་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་རིགས་ ཉོ་ནི་ཡོདཔ་མ་གཏོགས་ བཙོང་ནི་མེད་ནི་དེ་གིས་ཨིན་པས།
ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཀརྨ་དོན་གྲུབ་ཀྱིས་འབད་བ་ཅིན་ དབང་འཛིན་གྱིས་ ཁོང་ལུ་ རུ་པི་བྱིན་མི་དེ་ ཚོད་བསྲེ་ཚོང་པ་ཚུ་ལུ་ གནོད་ནིའི་མནོ་བསམ་མེན་པར་ གལ་སྲིད་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་གིས་ ལང་མ་ཚུགས་པ་ཅིན་ ཕྱི་ཁ་ལས་ ནང་འདྲེན་འབད་དེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
སོ་ནམ་མཁས་མཆོག་ཚུ་གིས་འབད་བ་ཅིན་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ ག་བཟུམ་ཨིན་ན་ ལེགས་ཤོམ་སྦེ་ ཧ་མི་གོ་བས་ཟེར་ཨིནམ་ད་ སྤྱི་ཟླ་༤ པའི་ཚེས་༢༤ ལས་ སྤྱི་ཟླ་༥ པའི་ཚེས་༤ གི་བར་ན་ འབྲུག་པའི་ སོ་ནམ་མཁས་མཆོག་སྡེ་ཚན་ཅིག་གིས་ རྒྱ་གར་ནུབ་བེང་གལ་མངའ་སྡེའི་ ཕ་ལ་ཀ་ཊ་ཁྲོམ་སྡེ་ལུ་ ཚོད་བསྲེ་ཞིབ་དཔྱད་འབད་བར་ འགྱོ་བའི་སྐབས་ འབྲུག་ལུ་ནང་འདྲེན་འབད་མི་ ཚོད་བསྲེའི་རིགས་ཚུ་ སྨན་དང་རྫས་སྦྱོར་ཚུ་བླུགས་ཏེ་ འཛུགས་སྐྱོང་འབད་མི་ཚུ་ ཨིན་མས་ཟེར་ཨིན་པས།
ཌོར་ཊར་ ཇེ་བི་ གུ་རུང་གིས་ སླབ་མིའི་ནང་ ཁོང་གི་ཚོད་བསྲེ་ཚུ་ལུ་ ཚད་ལས་བརྒལ་བའི་ སྨན་རིགས་བཏབ་ཡོདཔ་མ་ཚད་ ཚོད་བསྲེའི་རིགས་ཚུ་ བཙོང་ནིའི་དུས་ཚོད་རན་པའི་ཁར་ སྨན་དང་རྫས་སྦྱོར་ཚུ་ ལེ་ཤ་བཏབ་མི་དེ་གིས་ གཟུགས་ཁམས་ལུ་ཡང་ གནོད་སྐྱོན་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment