གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་འབད་བའི་ཁ་ཉེས།

༡༩/༥/༢༠༡༢
 ༉ གཞལམ་སྒང་པཱན་སྦང་ལས་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༤ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ལུ་བརྟེན་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ ཁོ་ལུ་ ཉེས་འཛུགས་འབད་དེ་ དྲུང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།


དོགས་ཅན་དེ་ པཱན་སྦང་ལུ་ ཚོང་རྐྱབ་སྡོད་མི་ཅིག་ཨིན་རུང་ ཚོང་འབྲེལ་གྱི་དོན་ལུ་ དགེ་ལེགས་ཕུག་ལུ་འོངམ་ད་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ནུག་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༦ ལུ་ ཉམས་རྒུད་པའི་ ཨའི་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ དོགས་ཅན་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་བྱུང་ཡོདཔ་ཨིན་རུང་ དོགས་ཅན་དང་ ཉམས་རྒུད་པའི་ ཕམ་ཚུ་གི་བར་ན་ ནང་འགྲིགས་རྐྱབ་ནི་སྦེ་ ཁ་འཆམ་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་བས་ཟེར་ཨིན་པས།
དེ་འབདཝ་ད་ ཨ་ལུ་༤ གི་ཨ་པ་ཨིན་མི་ དོགས་ཅན་དེ་གིས་ ནང་འགྲིགས་འབད་བར་ འོང་མ་བཏུབ་མི་ལུ་བརྟེན་ ཉམས་རྒུད་པའི་ ཨའི་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིནམ་ད་ ཁ་ཉེས་ཕོག་མི་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མིའི་ནང་ ཁོ་གིས་ དབང་བཙོང་གི་ཐོག་ལས་མིན་པར་ ཁོང་ར་༢ འཆམ་མཐུན་ཐོག་ལས་ ལུས་འབྲེལ་འབད་འབདཝ་ཨིན་ཟེར་བཀོད་ཡོད་པའི་གནས་ཚུལ།

No comments:

Post a Comment