གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་ལམ་ལུགས་ཐོག་གི་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།

ཟླ་༥ པའི་ཚེས་༡

བཀག་རེག་ཕོག་པའི་ མདའ་འཆམ་རྐྱབ་པའི་བསྒང་།
༉ རྒྱལ་ཁབ་ནང་ དར་ཁྱབ་སོང་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་གྱི་ ལམ་ལུགས་ཐོག་ ཐིམ་ཕུ་བར་སྦིས་ས་ལུ་སྦེ་ རེས་གཟའ་ཟླ་བ་ལུ་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ་ཨིན་པས།


དྲོ་པའི་རྩེད་འགྲན་དང་པའི་ནང་ སྡེ་ཚན་༣ གྱི་གྲས་ལས་ ནོར་འཕེལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཕྱི་རུའི་རྩེད་འགྲན་ནང་ འདྲོག་སི་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ནོར་འཕེལ་དང་ ཌི་ཇི་ དེ་ལས་ སེམས་མཐུན་ཆ་རོགས་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སེམས་མཐུན་ཆ་རོགས་དང་ ནོར་འཕེལ་སྡེ་ཚན་༢ ཀྱིས་ སྐོར་ཐེངས་༡༥ པའི་ནང་ སྐུགས་༢ འདྲན་འདྲ་ཆོད་རུང་ ནོར་འཕེལ་སྡེ་ཚན་གྱིས་ བཀག་རེག་མཐོ་ཤོས་ཕོག་མི་ལུ་བརྟེན་ དང་པ་ཐོན་ནུག།
ཉིན་མའི་ལྟོ་ཟ་ཞིནམ་ལས་ དཔལ་འབྱོར་བཟོ་སྐྲུན་དང་ འདྲོག་སི་སི་ དེ་ལས་ སྦི་ན་ཡ་ཀ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སྡེ་ཚན་གསུམ་གྱིས་ དོ་འགྲན་སྦོམ་འབད་རུང་ མཐའན་མཇུག་ཁར་ འདྲོག་སི་སི་སྡེ་ཚན་གྱིས་ དང་པ་ཐོན་ནུག།
ད་ལྟོའི་རྩེད་འགྲན་དེ་ སྡེ་ཚན་རེ་གིས་ སྐོར་ཐེངས་༡༥ འབད་མི་ཐེངས་༣ གྱི་རིང་ རྩེད་འགྲན་འབད་བའི་ཤུལ་ལུ་ སྐུགས་མཐོ་ཤོས་ཐོབ་མི་ཚུ་གིས་ ཕྱིར་བཏོན་སྐོར་ཐེངས་ནང་དང་ མཐའ་བཅད་ཆུང་བ་ཚུ་ནང་ གོ་རིམ་བཞིན་དུ་སྦེ་ ལྷོད་ནི་ཨིན་པས།
ད་རེས་ཀྱི་རྩེད་འགྲན་དེ་ སྒེར་སྡེའི་ཁ་ཐུག་ལས་ རྒཔོ་བགྲེསཔ་བཀའ་འགྱུར་གྱིས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མི་སྡེ་ཚན་༥༣ ཡོདཔ་ཨིན་པས།
རྒཔོ་བགྲེསཔ་བཀའ་འགྱུར་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལུ་ འདི་བཟུམ་མའི་ལམ་ལུགས་ཐོག་ལུ་ རང་ལུགས་སྤག་ཤིང་ཐོག་ལས་ འགོ་ཐོག་འགོ་འདྲེན་འཐབ་ཡོདཔ་ད་ དུས་ཅི་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་རའི་ བསམ་འཆར་ལས་འབད་བ་ཅིན་ སྡེ་ཚན་༧༠ ལྷགཔ་ཅིག་གིས་ རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ རེ་བ་ལྟར་དུ་མཐར་འཁྱོལ་མ་བྱུང་ཟེར་ཨིན་པས།
ད་ལྟོ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ སྡེ་ཚན་རེ་གིས་ རྩེད་འགྲན་ནང་བཅའ་མར་གཏོགས་ནིའི་དོན་ལུ་ འཛུལ་འཐུས་དངུལ་ཀྲམ་༨,༠༠༠ རེ་སྤྲོད་དགོཔ་བཞིན་དུ་ གསོལ་རས་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བྱིན་ནིའི་རེ་བ་ཡོད་ཟེར་  དྲི་བཀོད་འབད་བའི་སྐབས་ལུ་ འགོ་འདྲེན་འཐབ་མི་གིས་སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment