གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟིགས་སྐོར་སྐབས་ འཁོར་ལམ་དང་ གློག་མེ་དགོ་པའི་ ཞུ་བ་ཕུལ་ཡོདཔ།

ཟླ་༤ པའི་ཚེས་༣༠

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཧཱ་གསང་སྦིས་ཁ་དྲུང་ཁག་ གསེར་སྦྱིས་ཐང་གཡུས་ཚན་གྱི་ མི་སེར་ཚུ་ལུ་ ལྟོ་ཁ་གནང་པའི་བསྒང་།
༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལས་འགོ་བཙུགས་ཏེ་ ཧཱ་རྫོང་ཁག་གི་ རྒེད་འོག་གཉིས་དང་ བསམ་རྩེ་རྫོང་ཁག་གི་ རྒེད་འོག་གཉིས་ནང་ གཟིགས་སྐོར་གནང་སྟེ་ ཁ་ཙ་ བསམ་རྩེ་ལུ་ ཕེབས་གནང་ཡི།


བློན་ཆེན་མཆོག་གིས་ གཟིགས་ཞིབ་གནང་མི་དེ་ཡང་ ལོ་ལྔའི་འཆར་གཞི་༡༠ པའི་ བར་མཚམས་ཀྱི་ བསྐྱར་ཞིབ་སྐབས་ མཐའ་ཟུར་གྱི་ མི་སེར་ཚུ་གིས་ སྟབས་བདེཝ་མ་བདེཝ་ཚུ་གི་སྐོར་ལས་ ཞུ་མི་དང་འཁྲིལ་ བློན་ཆེན་ཁོ་ར་བྱོན་ཏེ་ གཟིགས་གནང་ནི་ཟེར་ གསུངས་ནི་དེ་གིས་ཨིན་པས།
མཐའ་ཟུར་གྱི་ ས་གནས་ཚུ་ཡང་ ཧཱ་གསང་སྦིས་ཁ་རྒེད་འོག་དང་ དགའ་སྐྱིད་གླིང་རྒེད་འོག་༢ ཨིནམ་ད་ བསམ་རྩེ་ལུ་འབད་བ་ཅིད་ དུམ་སྟོད་དང་ རྡོ་ར་ཁ་རྒེད་འོག་གཉིས་ཨིན་པས།
གཟིགས་སྐོར་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ཧཱ་རྫོང་ཁག་ དཔའ་རྒྱབ་ཟེར་ས་ལས་ འགོ་བཙུགས་ཏེ་ བཤདཔ་སྦྱིས་གཡུས་ཚན་གྱི་ མི་སེར་ཚུ་དང་ མཇལ་ཕྲད་གནངམ་ད་ ཨཔ་རྡོ་སྟེང་གིས་ ས་གནས་ཀྱི་ མི་སེར་ཚུ་ལུ་ སྟབས་མ་བདེཝ་སྦོམ་ཤོས་ར་ འགྲུལ་འཁོར་ལམ་དང་ གློག་མེ་མེད་མི་ལུ་བརྟེན་ བྱུང་ཡོད་པའི་སྐོར་ལས་ཞུ་ཡི།
བློན་ཆེན་མཆོག་གིས་ གསུངས་མིའི་ནང་ སང་ཕོད་ལས་ ལོ་ལྔའི་འཆར་གཞི་༡༡ པ་འགོ་བཙུག་ནི་ཨིན་མི་དེ་ནང་ མཐའ་ཟུར་མི་སེར་ཚུ་གི་ སྐྱིད་སྡུག་བསལ་ནི་གི་ ལས་སྣ་ཚུ་ བཙུག་ནི་ཨིན་མིའི་གྲས་ལས་ སྣུམ་འཁོར་ལམ་དང་ གློག་མེ་བཀྲམ་སྤེལ་འབད་ནི་དེ་ གཙོ་རིམ་ཅན་སྦེ་ ངོས་འཛིན་གནང་སྟེ་ཡོད་ཟེར་ཨིན་པས།
གཟིགས་སྐོར་གྱི་སྐབས་ལུ་ བློན་ཆེན་མཆོག་གིས་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་བྱུང་ཡོད་མིའི་སྐོར་ལས་དང་ དཀའ་ངལ་བསལ་ཐབས་ལུ་ སོ་ནམ་གྱི་ལཱ་འབད་མི་ མི་སེར་ག་ར་གིས་ རང་མགོ་རང་འདྲོངས་སྦེ་ སྡོད་ཐབས་ལུ་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ རང་སོའི་ཞིང་ནང་ འཛུགས་སྐྱོང་འབད་དགོཔ་ གལ་ཆེ་ཟེར་ གསུངས་གནང་ཡི།
བློན་ཆེན་གྱིས་ འཁོར་ལམ་དང གློག་མེ་དེ་ འཆར་གཞི་༡༡ པའི་ ནང་འཁོད་ལུ་ར་ བཏོན་ཚུགསཔ་འབད་ཟེར་ མི་སེར་ཚུ་ལུ་ གསུངས་ཡི།
བློན་ཆེན་མཆོག་ ད་རིས་ རྒྱལ་ས་ལྟེ་བ་ལུ་ ལོག་ཕེབས་ནི་ཨིན་པའི་གནས་ཚུལ།

བསམ་རྩེ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment