གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མུམ་བཱ་ཡེ་ལུ་ལྷོད་མི་ སློབ་ཕྲུག་བུཚ་དེ་ ནངས་པར་གཏང་ནི།

ཟླ་༤ པའི་ཚེས་༢༦

མུམ་བཱ་ཡེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་༢ བཀྲིས་ཕུན་ཚོགས་བསྐྱལ་བར་ ནིའུ་ལྡི་ལི་ཚུན་འོང་ནི།


༉ གཞལམ་སྒང་སློབ་གྲྭ་ལས་ བྱང་སྟོར་ཤོར་བའི་ཤུལ་ལུ་ རྒྱ་གར་གྱི་ དངུལ་འབྲེལ་ལྟེ་བའི་ཁྲོམ་ཚོགས་ མུམ་བཱ་ཡེ་ལུ་ ལྷོད་ཡོད་མི་ བུཚ་བཀྲིས་ཕུན་ཚོགས་དེ་ ཁོ་རའི་ཁྱིམ་ནང་ ནམ་ལོག་ལྷོད་འོང་ག་ཟེར་ ཉིན་ནུབ་མེད་པར་ མནོ་བསམ་བཏང་སྟེ་ར་ སྡོད་དོ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༡༥ ལང་མི་ བཀྲིས་ཕུན་ཚོགས་ཀྱིས་ ཁ་ཙ་ མུམ་བཱ་ཡེ་ལས་ ཀུན་གསལ་ལུ་ བརྒྱུད་འཕྲིན་ཐོག་ལས་ བློ་སྲོག་ཆད་སོཔ་བཟུམ་སྦེ་ སླབ་མིའི་ནང་ ཁོ་རའི་གཡུས་ གཞལམ་སྒང་ལུ་ ཨའི་དང་ ཨ་ཞེམོ་ཚུ་སྡོད་སར་ ལོག་འོང་ནིའི་དོན་ལུ་ དོང་རི་ཨ་ལུ་མཐའ་སྐྱོང་ཁང་ནང་ རེ་བ་དང་བཅསཔ་སྦེ་ སྒུག་སྡོད་ཡོད་ཟེར་ཨིན་པས།
ཇ་འཐུང་པའི་ཤུལ་ལུ་ ང་དྲན་མེད་བཟོ་དཔ་ལས་ དྲན་པ་ལོག་པའི་བསྒང་ལས་ མུམ་བཱ་ཡེ་ལུ་ ཟ་ཁང་གི་ ཇོ་བདག་ལུ་ ཁོ་ རྩིས་སྤྲོད་མི་ ཕོ་སྐྱེས་༢ དང་གཅིག་ཁར་ ཟ་ཁང་ཅིག་ནང་ ལྷོད་སྡོད་ནུག་ཟེར་ བཀྲིས་ཀྱིས་ བཤད་པའི་ཁར་ ཇ་ནང་ག་ཅི་བླུགས་ཡོདཔ་ཨིན་ན་ ཁོ་གིས་ མ་ཤེས་ཟེར་ སླབ་ཨིན་པས།
དེ་ལས་ཚུར་ ཁོ་ ཁྱིམ་ནང་ལོག་འོང་དགོ་མནོ་ཡོདཔ་མ་ཚད་ ཨའི་དང་སྤུན་ཆ་ཚུ་ དྲནམ་དྲན་ས་ར་ སྡོད་ཅི་ཟེར་ ཁོ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ན་ཧིང་ སྤྱི་ཟླ་༩ པའི་ནང་ སློབ་རིམ་༨ པའི་སློབ་ཕྲུག་ བཀྲིས་ཕུན་ཚོགས་དེ་ རྐང་སྟོང་སྦེ་ སློབ་གྲྭ་ནང་འགྱོཝ་ད་ ཕོ་སྐྱེས་༢ དང་ ཨམ་སྲུ་༡ གིས་ ཁོང་རའི་སྣུམ་འཁོར་ཧའི་ལཱགསི་ནང་ བསྐྱལ་བྱིན་གེ་ཟེར་སླབ་སྟེ་ བཙུགས་འབག་པའི་ཤུལ་ལུ་ ཁོང་གིས་ ཁོ་ལུ་ ཇ་ཀཱབ་གང་བྱིན་ཞིནམ་ལས་ ཁོ་ར་ ག་དེ་སྦེ་ཨིན་ན་ར་ མ་ཤེས་པར་ མུམ་བཱ་ཡེ་ལུ་ ལྷོད་སོ་ནུག་ཟེར་ཨིནམ་ད་  གཞལམ་སྒང་ལུ་ སློབ་གྲྭའི་དབང་འཛིན་པ་ཚུ་གིས་ བཀྲིས་དེ་ སློབ་གྲྭ་ནང་ མ་འོང་པར་ ཉིནམ་དག་པ་ཅིག་ ཡར་སོ་ཡི་ཟེར་ ཨའི་ལུ་ སླབ་པའི་ཤུལ་ལས་ ཨའི་དང་ ཨ་ཞེམོ་ཚུ་གིས་ ས་གནས་ག་ཏེ་ར་འཚོལ་རུང་ འཚོལ་མ་ཐོབ་ཨིན་པས།
བཀྲིས་ཀྱིས་འབད་བ་ཅིན་ མུམ་བཱ་ཡེའི་གི་ས་གནས་ ཨེན་དི་རི་ལུ་ དཱ་ནེསིཊ་ཟེར་མི་ ཟ་ཁང་ནང་ ཟླཝ་དག་པ་ཅིག་གི་རིང་ བང་བཙོང་སྟེ་ ལཱ་འབད་བཅུག་ཡོདཔ་མ་ཚད་ སྒྲིང་ཁྱིམ་དེ་གི་ཕྱི་ཁར་ འགྱོ་མ་བཅུག་པར་ བཞག་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ཟླ་༢ པའི་ཟླ་མཇུག་ལུ་ ཟ་ཁང་དེ་ནང་ལས་ བྱོག་ཐལ་བའི་ཤུལ་ལུ་ མུམ་བཱ་ཡེ་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁོ་གི་ ཉོགས་བཤད་དེ་ ཐོ་བཀོད་འབད་ཡོདཔ་མ་ཚད་ ཁོང་གིས་ ཞིབ་དཔྱད་རྐྱབ་འོང་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ ཁོ་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དག་པ་ཅིག་ ཟ་ཁང་དེ་ནང་ སོང་ཡོད་རུང་ འཛུལ་སྒོ་དེ་ ལྡེ་མིག་རྐྱབ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཟ་ཁང་སྒོ་བསྡམས་ཏེ་ ལོ་༡ སོང་ཡོདཔ་སྦེ་ ང་ལུ་ སླབ་དེས་ཟེར་ བཀྲིས་ཕུན་ཚོགས་ཀྱིས་ བཤད་པའི་ཁར་ ཉེ་འདབས་ལུ་སྡོད་མི་ མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ ཤོབ་སླབ་དེས་ཟེར་ བཤདཔ་ཨིན་པས།
དེ་གི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ བཀྲིས་དེ་ དོང་རི་ཨ་ལུ་མཐའ་སྐྱོང་ཁང་ནང་ཁྱིད་དེ་ བཞག་ཡོདཔ་ད་ ཨ་ལུ་མཐའ་སྐྱོང་ཁང་གི་སྡེ་འཛིན་ ཇ་དཱབ་ཀྱིས་ ཨ་ལུ་མཐའ་སྐྱོང་ལྟེ་བའི་ནང་ རྒྱ་གར་དང་ ནེ་པཱལ་ བང་ལ་དེཤ་ཚུ་ལས་ སྲོག་སྐྱབས་འབད་མི་ ཨ་ལུ་༣༠༠ ལྷགཔ་ཅིག་ཡོདཔ་ཨིན་རུང་ བཀྲིས་ཕུན་ཚོགས་དེ་ འབྲུག་མི་དང་པ་ཨིན་ཟེར་ སླབ་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་ ངག་བརྗོད་ཕུལ་མི་དང་འཁྲིལ་ མུམ་བཱ་ཡེ་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ལུ་ བདེན་དཔྱད་ཀྱི་དོན་ལུ་ འབྲེལ་བ་འཐབ་ཞིནམ་ལས་ཚུར་ འགོ་དཔོན་ཚུ་གིས་ བུཚ་དེ་ ལེན་ནིའི་དོན་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ད་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ ཁ་ཙ་ ནུབ་མོར་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་མིའི་ནང་ བཀྲིས་དེ་ མུམ་བཱ་ཡེ་ཁྲིམས་སྲུང་འགག་པའི་ འགོ་དཔོན་༢ ཀྱིས་ ནངས་པ་ ནིའུ་ལྡི་ལི་ཚུན་ བསྐྱལ་བར་འོང་ནི་ཨིན་པའི་སྐོར་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིན་པས།
ད་རེས་ནངས་པ་ བཀྲིས་ཕུན་ཚོགས་དེ་ ཨ་ལུ་གཞན་ཚུ་དང་གཅིག་ཁར་ བཞེས་སྒོ་འབད་ནི་ཚུ་ ལྷབ་དོ་ཡོདཔ་ད་ མཐའ་སྐྱོང་ལྟེ་བའི་ནང་ སྡོད་ས་དང་ བཞེས་སྒོ་ཚུ་ ལེགས་ཤོམ་བྱིནམ་མས་ཟེར་ བཀྲིས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment