གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་ཆས་ཐོ་ཡིག་ཚུ་ནང་ གནས་གོང་ཡར་སེང་བཟོ་དོ་ཡོདཔ།

ཟླ་༤ པའི་ཚེས་༢༦

༉ རུ་པི་གི་དཀའ་ངལ་དེ་ མར་ཕབ་འགྱོ་ནིའི་བརྡ་མཚོན་མེད་མི་ལུ་བརྟེན་ ནང་འདྲེན་དང་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཕུན་ཚོགས་གླིང་ སྒོ་ར་སྒོའི་ས་གོ་ནང་ལས་ དོས་ཆས་ཀྱི་ ཚོང་བཟོ་ཐོ་ཡིག་ཚུ་ ཡར་སེང་དང་ གནས་གོང་ཡར་སེང་ཐོག་ལུ་ ཐབས་བྱུས་བཏོན་མི་དེ་ ཐབས་ལམ་གསརཔ་ཅིག་ཨིན་མས་ཟེར་ ཅ་དམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།


ལག་ལེན་དེ་ ཧེ་མའི་ ལམ་ལུགས་དང་འཁྲིལཝ་ད་ རྒྱབ་འགལ་སོང་ཡོད་མི་དེ་ཡང་ ཧེ་མའི་ཚོང་ཆས་ཐོ་ཡིག་ཚུ་ནང་ ཁྲལ་སྤྲོད་ནི་ལས་ཟུར་ཐབས་ཀྱི་དོན་ལུ་ མར་ཕབ་ག་དེ་དྲག་དྲག་འབདཝ་ཨིན་རུང་ ད་རེས་ཀྱི་ལག་ལེན་དེ་ རུ་པི་ལང་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ ཡར་སེང་འབདཝ་ཨིན་མས།
ད་རེས་ཀྱི་ བཅའ་ཡིག་གསརཔ་དེ་ནང་ དངུལ་ཁང་གིས་ རུ་པི་འཛིན་གྲོལ་འབད་ནི་དེ་ ནང་འདྲེན་དང་ ཕྱིར་བཙོང་འཐབ་མིའི་སྦུང་ཚད་དང་འཁྲིལ་ བྱིན་ནི་དེ་གིས་ཨིན་པས།
ཅ་དམ་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་གི་དོས་འབག་མི་ཚུ་གིས་ དངུལ་ཁང་ལས་ གནས་གོང་འདི་དང་འདྲ་མཉམ་གྱི་ ཌི་མཱན་ཌཕ་ཚུ་ བཟོ་ཐོག་ལས་འབདཝ་ད་ མི་དེ་ལུ་ ཚོང་ཆས་ཐོ་ཡིག་དང་འདྲ་མཉམ་གྱི་ རྒྱ་གར་རུ་པི་ཚུ་ འཐོབ་ཚུགས་པས་ཟེར་ཨིན་པས། འགོ་དཔོན་གྱིས་འབད་བ་ཅིན་ མི་སེར་ཚུ་གིས་ ཚོང་ཁྲལ་ཕོག་མི་ རུལ་ནི་མེད་པའི་ཅ་ཆས་ཚུ་ འབག་འོངམ་ད་ལུ་ཡང་ ཁྲལ་སྤྲོད་དགོཔ་ཐོན་རུང་ ཚོང་བཟོ་ཐོ་ཡིག་ཚུ་ནང་ གནས་གོང་མཐོ་སུ་སྦེ་ བཀོད་དེ་འབག་འོང་མི་དེ་ ཁོང་ཆ་ཁྱབ་ལུ་ རྒྱ་གར་གྱི་རུ་པི་ དགོ་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།
ད་རེས་འཕྲལ་ཁམས་ལུ་ ཅ་དམ་ཡིག་ཚང་གིས་ ཕུན་ཚོགས་གླིང་ ས་གནས་ཀྱི་ཚོད་བསྲེ་ཚོང་པ་ཚུ་ལུ་ རྒྱ་གར་ལས་ ཚོད་བསྲེ་བཀྲམ་སྤེལ་འབད་མིའི་ དོས་འབག་མི་ཊག་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་གྱིས་ བཤད་མིའི་ནང་ བཀྲམ་སྤེལ་འབད་མི་གིས་ ཚོང་བཟོ་ཐོ་ཡིག་ཁག་གཉིས་སྦེ་ སྒོ་ར་སྒོའི་ཡིག་ཚང་ནང་གསལ་སྟོན་འབད་མི་དེ་ཡང་ དངུལ་ཀྲམ་༤༨,༡༨༠ དང་ དངུལ་ཀྲམ་༧༢,༡༨༥ འབད་བཟོ་མི་ཚུ་ ཨིནམ་བཞིན་དུ་ ཁོང་གིས་ གསལ་སྟོན་འབད་མི་ལས་ ཚོང་ཆས་ཚུ་ གོང་ཚད་ཉུངམ་སྦེ་འདུག་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
འཛིན་བཟུང་འབད་མི་ཚོད་བསྲེ་ཚུ་ ཡིག་ཚང་གོང་མ་ལས་ བཀའ་རྒྱ་ཐོབ་པའི་ཤུལ་ལུ་ དུས་ཡུན་ཆུ་ཚོད་༤༨ ཀྱི་ནང་འཁོད་ལུ་ ས་གནས་ཀྱི་ ཚོད་བསྲེ་ཚོང་པ་ཚུ་ལུ་ ཚོང་སྒྱུར་འཐབ་ཅི་ཟེར་ཨིན་པས།
རུལ་ཉེན་ཅན་གྱི་ ཚོང་ཆས་ཚུ་ འཛིན་བཟུང་འབད་ཡོད་རུང་ དེ་ཚུ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ མི་ཕོགཔ་ཨིནམ་ད་ རུལ་ནི་མེད་པའི་ཚོང་ཆས་ཚུ་ འཛིན་བཟུང་འབདཝ་ད་ བཅའ་ཡིག་དང་འཁྲིལ་ ཉེས་བྱ་ཚུ་ ཕོགཔ་ཨིན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྤྱིར་བཏང་ གནས་ཐོ་ཚུ་མེད་དེ་འབད་རུང་ ཚོང་ཆས་ཐོ་ཡིག་ནང་ བསྒྱུར་བཅོས་འབད་མི་ དག་པ་ཅིག་ཐོན་མི་ཚུ་ལུ་ བཅའ་ཁྲིམས་དང་འཁྲིལ་ ཉེས་བྱ་ཚུ་བཀལ་བཞིན་དུ་ ཡོད་ཟེར་ཨིན་པས།
རྒྱ་གར་གྱི་མི་ཁུངས་ཅིག་ལས་ གནས་ཚུལ་གོ་མི་དང་འཁྲིལཝ་ད་ དངུལ་ཁང་གི་ འཛིན་ཤོག་ཐོག་ལས་ རུ་པི་འཐོབ་ནི་ཡོད་པ་ཅིན་ ཁོང་གིས་ ཁྲལ་བཏབ་ནི་ལུ་ འཚེར་སྣང་མེད་ཟེར་ཨིན་པས།
ཚོང་ཆས་ཐོ་ཡིག་ནང་ དངུལ་ཀྲམ་༥༠,༠༠༠ འི་གནས་གོང་ལུ་ ཁྲལ་དངུལ་ཀྲམ་༡,༠༠༠ ལས་བརྒལ་ སྤྲོད་མི་དགོ་པས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment