གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་ཅིག་ལུ་ གྱི་རྐྱབ་ཏེ་རྨ་སྐྱོན།

ཟླ་༤ པའི་ཚེས་༢༨ 

༉ སྤྱི་ཟླ་༤ པའི་ཚེས་༢༦ གི་ཉིན་མར་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༨ ཀྱི་ས་གནས་ དཔག་བསམ་ཁ་ བོ་ཝོ་ནི་ཇོ་ར་ཟེར་སར་ ཕྱི་མི་༣ གྱིས་ སྐྱེས་ལོ་༤༤ ལང་མི་ ཁག་འབག་ཅིག་ལུ་ གྱི་ཅུང་ཁུ་ཀུ་རི་གིས་ བླུགས་བྱིན་ཡོདཔ་ལས་ མགུ་ཏོ་ཁར་ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁག་འབགཔ་དེ་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་ནིའི་དོན་ལས་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ འབྲུག་གི་ས་མཚམས་ནང་ཨིན་མི་ བོ་ཝོ་ནི་ཇོ་ར་ལུ་འོངམ་ད་ རྒྱ་གར་གྱི་ མི་༣ གྱིས་ གནོདཔ་བཀལ་ཐོག་ལས་ འཕྲོག་བཅོམ་འབད་ནི་གི་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་པས་ཟེར་ཨིནམ་ད་ ཁོ་ར་ བོ་ཝོ་ནི་ཇོ་ར་ལུ་ ལྷོད་ཞིནམ་ལས་ ལས་མི་༧ ལུ་ ཏི་རུ་ལེན་པར་ཤོག་ཟེར་ འབོ་ནུག་ཟེར་ཨིན་པས།
ཁག་འབགཔ་དེ་  བོ་ཝོ་ནི་ཇོ་རའི་འོག་ལུ་ རྒྱ་གར་གྱི་ས་མཚམས་ ཁོག་ལ་ཟེར་སའི་ སྦོ་ལོགས་ཁར་ ལས་མི་ཚུ་ལུ་ བསྒུགས་སྡོདཔ་ད་ ག་ཏེ་ལས་འོངམ་ཨིན་ན་ར་མ་ཤེས་མི་ རྒྱ་གར་གྱི་ མི་༣ གྱིས་ གནོདཔ་བཀལ་ནུག་ཟེར་ཨིན་པས།
མི་བཀྲ་མ་ཤིསཔ་༣ གྱིས་ ཧང་སྟོང་མར་ རྒྱབ་ཁ་ལས་འོང་སྟེ་ ས་མཚམས་ཁ་ཐུག་ལུ་ གདོང་སྒྱིར་སྡོད་མི་ ཁག་འབགཔ་ལུ་ གནོདཔ་བཀལ་ཏེ་ མགུ་ཏོ་དང་ ལགཔ་གཡོནམ་ དེ་ལས་ གཟུགས་ཀྱི་རྒྱབ་ཁར་ གྱི་ཅུང་གིས་ རྐྱབ་བྱིན་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེ་འབདཝ་ད་ ཁོང་གིས་ ཉམས་རྒུད་པ་ལས་ འཕྲོག་བཅོམ་འབད་མ་ཚུགས་པའི་ཧེ་མར་ ཁོ་གི་ ལས་མི་༣ ས་ཁོངས་དེ་ནང་ལྷོད་དེ་ ཆ་རོགས་འབད་ཡོདཔ་བཞིན་དུ་ ཁོང་གིས་ གནོདཔ་བཀལ་མི་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལུ་ ཕར་ཚུར་འགྲོ་འགྲུལ་འབད་མི་ འབྲུག་གི་སྣུམ་འཁོར་ཚུ་ བཀག་མི་ལུ་བརྟེན་ དོགས་ཅན་ཚུ་ ས་མཚམས་བརྒལ་ཏེ་ བྱོག་ཡར་སོ་ཡི་ཟེར་ མཐོང་མི་ཚུ་གིས་ བཤདཔ་ཨིན་པས།
ས་མཚམས་ཀྱི་ སྦོ་ལོགས་ཁར་ ས་དོང་༡ ཡོདཔ་ལས་ དོགས་པ་ཅན་༣ པོ་དེ་ ས་ཁོངས་དེ་ནང་ ཁག་འབགཔ་མ་ལྷོད་པའི་ ཧེ་མ་ལས་ར་ གཡིབ་སྡོད་ཡོད་མི་ལུ་བལྟཝ་ད་ ཁག་འབགཔ་དེ་ ཏི་རུ་འབག་སྟེ་ འོང་དོ་ཡོད་པའི་ སྙན་ཞུ་ཐོབ་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
ཁག་འབགཔ་དེ་ རུ་པི་ལྔ་བརྒྱ་ལོར་དང་ སྟོང་ལོར་ཚུ་ འབག་སོང་ཡོདཔ་ཨིན་རུང་ དངུལ་འབོར་ག་དེམ་ཅིག་ཡོདཔ་ཨིན་ན་ ཏན་ཏན་མ་ཤེས་ཟེར་ཨིན་པས།
ཁག་འབགཔ་དེ་ འབྲུག་ཀཱར་བ་ཡེཊ་དང་ ཀེ་མི་ཀཱལསི་ལས་སྡེའི་ནང་ བཟོ་སྐྲུན་གྱི་ ཁག་འབག་གི་ ལཱ་འབད་དོ་ཡོདཔ་ཨིན་པས།
བྱུང་རྐྱེན་གྱི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment