གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམར་བསད་ཀྱི་ དོགས་པ་ཡོད་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

ཟླ་༤ པའི་ཚེས་༣༠

༉ སྤྱི་ལོ་༢༠༡༠ ཟླ་༩ པའི་ཚེས་༦ ལུ་ ཐིམ་ཕུ་ལྕང་ཟམ་ཏོག་ ཀུ་ལ་གངས་རི་ཟ་ཁང་ནང་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ དམར་བསད་འབད་བའི་ དོགས་པ་ཡོད་མི་ ཕོ་སྐྱེས་ཅིག་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བསམ་རྩེ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ དོགས་ཅན་ཨྱོན་ལྷུན་གྲུབ་ཀྱིས་ སྤྱི་ལོ་༢༠༡༠ ཟླཝ་༩ པའི་ནང་ ཚེ་འདས་ཕོ་སྐྱེས་དེ་ལུ་ གཟི་མིག་ཏོ་༦ འབད་མི་ཅིག་ ཡོད་པའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་མ་ཚད་ དེ་ཚེ་ཕྱི་རུ་ ཀུ་ལ་གངས་རི་ཟ་ཁང་གི་ ཁང་མིག་ཨང་༡༠༧ ནང་ འབོ་ཞིནམ་ལས་ གཅིག་ཁར་སྡོད་ནུག།
ཚེ་འདས་ཕོ་སྐྱེས་དེ་ དར་དཀར་ནང་ འབྲུག་རྗེས་སྒང་རྒེད་འོག་ སྤང་སེརཔོ་ལས་ཨིནམ་བཞིན་དུ་ དོགས་ཅན་གྱིས་ ཟ་ཁང་གི་ཁང་མིག་ནང་ དམར་བསད་འབད་ཞིནམ་ལས་ དྲོ་པ་ཧ་སག་ལས་ར་ བྱོག་སོང་ཡོདཔ་ཨིན་པས།
ཟ་ཁང་གི་ ཇོ་བདག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ དེ་ཚེ་ རྐྱེན་ངན་བྱུང་བའི་ནངས་པར་ ཕྱི་རུ་ཁམས་ཅིག་ཁར་ ཁང་མིག་ནང་ བལྟ་བར་འགྱོ་བའི་སྐབས་ དམར་བསད་འབད་མི་ ཕོ་སྐྱེས་དེ་གིས་ ཁོ་ལུ་ ཏི་རུ་མ་སྤྲོད་པར་ བྱོག་ཡར་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབདཝ་ད་ ཚེ་འདས་ཕོ་སྐྱེས་དེ་ལུ་ སྒྲོ་གཟུགསམ་གིས་ རྨ་ཁག་༦ བཏོན་ནུག་ཟེར་ཨིན་པས།
ཟ་ཁང་གི་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ དོགས་ཅན་དེ་གིས་ ཁོ་ར་ དབང་འདུས་རྫོང་ཁག་ལས་ བསྟན་འཛིན་ཨིན་ཟེར་ ཟ་ཁང་གི་ཐོ་དེབ་ནང་ བཀོད་བཞག་ཡོདཔ་ད་ ཚེ་འདས་ཀྱིས་ ཁོ་གི་ཁང་མིག་ནང་ འཛུལ་སར་མ་མཐོང་ཟེར་ སླབ་ཡོདཔ་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་ ཁང་མིག་གི་ སྒོའི་ལྡེ་མིག་ཕྱེ་ལྟཝ་ད་ ཚེ་འདས་ཕོ་སྐྱེས་དེ་ མལ་ཆ་གིས་སྤུབས་བཞགཔ་མ་ཚད་ ངོ་མ་ཤེསཔ་ བཟོ་ད་ནུག་ཟེར་ཨིནམ་ད་ ཚེ་འདས་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཨེ་ཊི་ཨེམ་ཀཱཌ་ མཐོང་ཡོདཔ་ཨིན་པས།
དེ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ ཨེ་ཊི་ཨེམ་ཀཱཌ་སྤྲོད་ཐོག་ལས་ ཚེ་འདས་ཀྱི་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ ཨང་གྲངས་ཐོབ་སྟེ་ ཞིབ་དཔྱད་འབད་བའི་སྐབས་ རྐྱེན་ངན་མ་བྱུང་པའི་ཧེ་མར་ ཚེ་འདས་ཀྱིས་ གསང་བའི་ཐོག་ལས་ མི་ཅིག་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནུག་ཟེར་ཨིན་པས།
གཟི་མིག་ཏོ་༦ འབད་མི་དེ་ ཚེ་འདས་ཀྱི་ ཨ་ཞེམོ་གི་ཁྱིམ་ནང་ལས་ བྱང་སྟོར་ཤོར་ནུག་ཟེར་ཨིནམ་ད་ ཤུལ་ལས་ ཚེ་འདས་དང་གཅིག་ཁར་ གཟི་ཚོང་རྐྱབ་མི་དེ་ ཨོ་རྒྱན་ལྷུན་གྲུབ་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

བཀྲིས་ཕུན་ཚོགས།
སྐྱེས་ལོ་༣༣ ལང་མི་ དོགས་ཅན་ཨྱོན་ལྷུན་གྲུབ་དེ་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་སྨིན་རྗེ་ལས་ཨིནམ་ད་ ཁོ་གིས་ ཐིམ་ཕུ་ལས་ བྲོས་བྱོལ་འབད་བའི་ཤུལ་ལུ་ ནེ་པཱལ་ལུ་སྡོད་པའི་སྐབས་ བྱ་ངན་ལེ་ཤ་འབད་ནུག་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

No comments:

Post a Comment