གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་ལྟེ་བའི་ས་ཁོངས་ནང་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ ཞབས་ཏོག་ལེགས་ཤོམ་མེདཔ།

ཟླ་༤ པའི་ཚེས་༣༠

༉ ལྷུན་རྩེ་རྫོང་ཁག་ལྟེ་བའི་ ས་གནས་དག་པ་ཅིག་ནང་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ ཞབས་ཏོག་ལེགས་ཤོམ་མེདཔ་ལས་ ཞབས་ཏོག་སྤྱོད་མི་ཚུ་ དབུགས་འགམ་དོ་ཡོདཔ་ཨིན་པས།


ཞབས་ཏོག་ལེགས་ཤོམ་མེད་པའི་ ས་གནས་ཚུ་ཡང་ རྫོང་ཁག་གི་ ཞི་གཡོགཔ་ཚུ་སྡོད་ས་དང་ ཁྱིམ་བཟོ་གོང་འཕེལ་ས་ཁོངས་ རྫོང་གི་ཡིག་ཚང་ དེ་ལས་ ཚོང་ཁང་གི་ ས་ཁོངས་ཚུ་ནང་ ཡོངས་འབྲེལ་རྒྱུན་ལམ་ཚུ་ དུམ་གྲ་རེ་བདའ་ཟུན་རུང་ ཧིང་སངས་ས་ཅིག་ མེདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འབྲུག་བརྒྱུད་འཕྲིན་གྱི་ ལས་འགུལ་འཛིན་སྐྱོང་པ་ བསྟན་འཛིན་རྡོ་རྗེ་ལུ་ དྲི་བཀོད་འབད་བའི་སྐབས་ ས་ཁོངས་དེ་ཚུ་ མ་གཞི་ བྱང་ཆུབ་གླིང་དང་ ཉལ་ལམ་དུང་ལུ་ཡོད་མི་ ཡོངས་འབྲེལ་ཀཝ་དེ་གིས་ བདའ་ཟུན་དགོཔ་ཅིག་ཨིན་རུང་ ས་གནས་དེ་ཚུ་ གི་ཁུག་ནང་འབད་ནི་དེ་གིས་ རྫོང་ཆགས་སའི་ སྒང་ཏོག་དེ་གིས་ ཡོངས་འབྲེལ་རྒྱུན་ལམ་ བཀག་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཁྲོམ་དང་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་བར་ན་ སྒང་ཏོག་ཅིག་ཡོད་སར་ ཐེ་རི་ཇི་གི་ འགྲུལ་འཕྲིན་ཞབས་ཏོག་དང་གཅིག་ཁར་ རྒྱུན་ལམ་གྱི་ཀཝ་ཡང་ བཙུག་ནིའི་འཆར་གཞི་ཡོདཔ་བཞིན་དུ་ ད་ལྟོ་ རྫོང་ཁག་དང་གཅིག་ཁར་ ས་གོའི་སྐོར་ལས་ ཁ་སླབ་པའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ བརྒྱུད་འཕྲིན་གྱི་ ཨང་གྲངས་དང་གཅིག་ཁར་ མཐུད་སྦྲེལ་འབད་མི་ ཡོངས་འབྲེལ་བོ་རོཌ་བཱེན་གྱི་ཞབས་ཏོག་ཡང་ རྫོང་ཁག་ནང་ རྫོང་ཁག་ལྟེ་བའི་ས་ཁོངས་ནང་རྐྱངམ་གཅིག་ཡོདཔ་ད་ བོ་རོཌ་བཱེན་གྱི་ ཞབས་ཏོག་སྤྱོད་མི་ཚུ་གིས་ཡང་ ཞབས་ཏོག་དེ་ ཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
ལྷུན་རྩེ་འབྲུག་བརྒྱུད་འཕྲིན་གྱི་འགོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ འགྲུལ་འཕྲིན་གྱི་ཁྱབ་ཚད་དེ་ གཡུས་ཚན་ནང་འབད་བ་ཅིན་ བརྒྱ་ཆ་ལས་༩༥ དེ་ཅིག་གྲུབ་འབྲས་བྱུང་སྟེ་ ཡོད་ཟེར་ཨིན་པས།
དེ་ཡང་ རྫོང་ཁག་འོག་གི་ ས་ཁོངས་ཆ་མཉམ་ནང་ ཞབས་ཏོག་ལྷོད་རུང་ མཁོ་མང་རྒེད་འོག་ གཙང་ངོ་དང་ རོ་མ་སྟེང་གཡུས་ཚན་༢ ནང་ ཁྱིམ་གུང་པ་༢༥ ལུ་ ཞབས་ཏོག་ཚུ་མ་ལྷོད་པར་ཡོད་རུང་ མ་འོངས་པར་ བཟོ་ནིའི་འཆར་གཞི་ཡོདཔ་ཨིན་པས།
ས་གནས་ཚུ་ནང་ འགྲུལ་འཕྲིན་གྱི་ཞབས་ཏོག་ཡང་ ན་ཧིང་ སྤྱི་ཟླ་༨ པའི་ནང་ ལྷོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བོ་རོཌ་བཱེན་གྱི་ཞབས་ཏོག་ཚུ་ རྫོང་གི་ས་ཁོངས་ནང་ ཐེབས་བཙུགས་མ་ཚུགས་མི་དེ་ཡང་ རྫོང་ཁག་གི་ ཚད་གཞི་ལས་བརྒལ་ལག་ལེན་འཐབ་ཡོདཔ་ལས་ དུས་ཅི་ གློག་ཐག་ཐེབས་བཙུག་ནིའི་ འཆར་གཞི་ཡོད་མི་དེ་གིས་ དཀའ་ངལ་བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པ་ སྟག་མོ་ཆུ་ལུ་ ཕའི་བར་ཨོབ་ཏིག་རྒྱུན་ཐག་ཚུ་ བཙུགས་པའི་བསྒང་ཡོདཔ་ལས་ སྟག་མོ་ཆུ་སློབ་གྲྭ་དང་ ཚོང་ཁང་ ལས་ཁུངས་ཁག་སོ་སོའི་ཡིག་ཚང་ཚུ་དང་ དང་འདོད་ཅན་༤༠ དེ་ཅིག་ལུ་ བོ་རོཌ་བཱེན་གྱི་ ཞབས་ཏོག་བྱིན་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment