གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཕམ་ཕྱེ་མ་ཚུགས་མི་ མཐའ་བཅད་འགྲན་བསྡུར་འོག་མ་ ད་རིས་ འཕྲོ་མཐུད་རྩེད་ནི།

སྐྱབས་ཆའི་མདའ་རྩེདཔ་ཅིག་ ང་རྒྱལ་ཐོག་ལས་ མདའ་རྐྱབ་པའི་བསྒང་།
ཟླ་༤ པའི་ཚེས་༢༤། ༉ ཁ་ཙ་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ ཁྱུང་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་འོག་མའི་རྩེད་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༡ ཆོད་ཡོདཔ་ལས་ འཕྲོ་མཐུད་ ད་རིས་རྩེད་འགྲན་འབད་ནི་ཨིན་པས།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ལུ་ སྡེ་ཚན་གཉིས་ཀྱིས་ དོ་འགྲན་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་བའི་ཁར་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་དང་ མདའ་ཡ་ག་དེ་ཅིག་རྐྱབ་རུང་ ཁྱུང་སྡེ་ཚན་གྱིས་ དོ་འགྲན་སྦོམ་འབད་དེ་ སྐུགས་རྩིས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐོར་ཐེངས་རེ་ནང་ སྐུགས་ རེ་རེ་ གཉིས་གཉིས་སྦེ་རྩིས་ཐོག་ལས་ ཧ་ལམ་ ཆུ་ཚོད་༡༡ དེ་ཅིག་ཁར་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༩ ཐོབ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༥ ལས་བརྒལ་ཐོབ་མ་ཚུགས་པས།
ཉིན་མའི་ལྟོ་ཟ་རན་སྐབས་ལུ་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་ ༢༤ དང་ ཁྱུང་སྡེ་ཚན་གྱིས་ སྐུགས་༩ ཐོབ་སྟེ་ སྡེ་ཚན་གཉིས་ཀྱིས་ སྐུགས་དང་པམ་དེ་ཆོད་མ་ཚུགསཔ་ཨིན་པས།
ངལ་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ སྐོར་ཐེངས་གཅིག་ལུ་རང་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་དང་པ་དེ་ཆོད་དཔ་ཨིན་པས།
ལྟོདམོ་ལྟ་མི་ལ་ལུ་ཅིག་གིས་ འབད་བ་ཅིན་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་དེ་ ན་ཧིང་ འཇིགས་མེད་རྡོ་རྗེ་ མདའ་རྩེད་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ཨིནམ་ལས་ ཁྱུང་སྡེ་ཚན་དེ་ འཇམ་ཏོང་ཏོ་སྦེ་ཕམ་གཏང་འོང་ཟེར་ སླབ་པའི་སྐབས་ ཁྱུང་སྡེ་ཚན་ལུ་ དགའ་མི་ཚུ་གིས་ སྡེ་ཚན་དེ་ཡང་ ན་ཧིང་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ལས་ ཨང་༢ པ་ཐོན་མི་ཅིག་ཨིནམ་ལས་ ཕམ་བཏང་ཚུགས་པར་ལཱ་ཁག་རྐྱབ་འོང་ཟེར་ ཕན་ཚུན་ལོ་རྒྱུས་ཚུ་སླབ་སྡོདཔ་ཨིན་པས།
ཁྱུང་སྡེ་ཚན་ཡང་ སྡེ་ཚན་གཞན་མི་ཚུ་དང་ཕྱདཔ་ད་ དྲག་ཤོས་ཅིག་ཨིན་པའི་ཁར་ སྐུགས་དང་པ་མཇུག་བསྡུ་བའི་ཤུལ་ལུ་ སྐུགས་གཉིས་པའི་དོན་ལུ་རྩེད་འགྲན་འབདཝ་ད་ ཁྱུང་སྡེ་ཚན་གྱིས་ སྐུགས་༡༩ ཐོབ་པའི་སྐབས་སུ་ བྱང་ཕྱད་ཀྱིས་ སྐུགས་༩ ལས་བརྒལ་ཐོབ་མ་ཚུགས་པས།
འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ བཀག་རེག་༡ དང་མདའ་ཡ་༣ རྐྱབ་སྟེ་ སྐུགས་༡༤ ཐོབ་ཡོདཔ་ཨིན་པས།
སྐོར་ཐེངས་ཀྱི་མདའ་མཇུག་བསྡུ་རན་ཁར་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་༢ དང་ མདའ་ཡ་༣ རྐྱབ་ཡོད་མི་དེ་ ཁྱུང་སྡེ་ཚན་གྱིས་ བཀག་རེག་༢ འདྲན་འདྲ་རྐྱབ་སྟེ་ བཏོག་བཏང་མ་ལས་ སྡེ་ཚན་གཉིས་ཆ་ར་གིས་ སྐོར་ཐེངས་དེ་ནང་ སྐུགས་ཐོབ་མ་ཚུགས་པས།
མི་ལ་ལུ་ཅིག་གིས་སླབ་མིའི་ནང་ ཁ་ཙ་གི་ མདའ་རྩེད་འགྲན་བསྡུར་དེ་ སྡེ་ཚན་གཉིས་ཆ་རའི་ཁ་ཐུག་ལས་ དོ་འགྲན་སྦོམ་འབད་སར་མཐོང་གསལ་བྱུངམ་ད་  སྤྲོ་བ་ཐེབས་ཅིག་ར་ བྱུངམ་མས་ཟེར་ཨིནམ་ད་ རྩེད་འགྲན་ནང་ལས་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་མི་དེ་གིས་ མཐའ་བཅད་འགྲན་བསྡུར་ནང་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment