གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་མི་ ཕོ་སྐྱེས་༤ ལས་༣ འཛིན་བཟུང་འབད་ཡོདཔ།


༉ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་༡ ལུ་ གྱི་གསོབ་བྱིན་མི་ ཕོ་སྐྱེས་༤ ཡོད་མིའི་གྲས་ལས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སྡེ་ཚན་གྱི་འགོ་ཁྲིདཔ་ སྐྱོན་མིང་ཨེ་ཀོང་ཟེར་མི་དེ་ འཛིན་བཟུང་འབད་མ་ཚུགས་པར་ ཡོདཔ་ཨིན་པས།


སྤྱི་ཟླ་༤ པའི་ཚེས་༦ དང་༧ དེ་ལས་༡༠ ལུ་ འཛིན་བཟུང་འབད་མི་ དོགས་ཅན་ཕོ་སྐྱེས་༣ པོ་དེ་ དགེ་ལེགས་ཕུག་ དྲུང་ཁག་ཁྲིམས་འདུན་གྱིས་ ཤུལ་མའི་ བདུན་ཕྲག་ནང་ ཁྲིམས་བཤེར་འགོ་བཙུག་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཁོང་༣ གྱི་གྲས་ལས་༡ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ སློབ་ཕྲུག་དང་༡ རྒྱལ་ཚབ་རྣམ་རྒྱལ་དབང་ཕྱུག་སྒེར་གྱི་སློབ་གྲྭའི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཨིནམ་ད་ གཞན་མི་དེ་ གསེར་ཞོང་ལག་ཤེས་སློབ་སྦྱོང་སྤེལ་ཁང་གི་ སྦྱོང་བརྡར་བ་ཨིན་པས།
འཛིན་བཟུང་འབད་མི་ཚུ་ སྐྱེས་ལོ་༡༨ ལས་༢༠ གི་བར་ན་ཨིན་པས།
དོགས་པ་ཅན་ཚུ་གིས་ ཁྲིམས་འགལ་ལཱ་ངན་འབད་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ཁ་བཟེད་ཡོདཔ་ཨིན་རུང་ ཉམས་རྒུདཔ་དེ་ལུ་ ཧིང་འགྲམ་ཡོད་དེ་ གྱི་གསོབ་གསོབ་ རྩ་ལས་ར་ མེན་ཟེར་ཨིན་པས།
དོགས་ཅན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་བཀོད་མི་ ངག་བརྗོད་དང་འཁྲིལཝ་ད་ ཉམས་རྒུད་པའི་ ཆ་རོགས་དེ་ ཆང་གིས་འགྲངས་ཡོདཔ་ལས་ དོགས་ཅན་ཚུ་གི་གྲས་ལས་༡ ལུ་ གཟུགས་ཀྱིས་བརྡུང་བྱིན་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༠ ལང་མི་ ཉམས་རྒུདཔ་ཕོ་སྐྱེས་དེ་ སྨན་ཁང་ནང་བསྐྱལ་བའི་ཤུལ་ལུ་ ཉིནམ་༥ འི་རྒྱབ་ལས་ ལོག་བཏང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ དགེ་ལེགས་ཕུག་ ཏ་ལི་གྲྭ་ཚང་གི་ སྦོ་ལོགས་ཁར་ བྱུང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment