གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཐབས་ལུ་ ཇར་སི་བ་གསོ་སྐྱོང་།

ཟླ་༤ པའི་ཚེས་༢༥

ཤིང་གཉེར་རྡོ་རྗེ་སྒྲ་སྡེའི་ རྩྭ་འབྲོག་ནང་ འཁྱམས་སྡོད་མི་ ཇར་སི་བ་ཚུ།
༉ བུམ་ཐང་ཨུ་ར་རྒེད་འོག་ ཤིང་གཉེར་གཡུས་ཚན་དེ་ རྫོང་ཁག་ནང་ དབུལ་ཕོངས་ཀྱི་དཀའ་ངལ་བྱུང་མི་ སྦོམ་ཤོས་ཅིག་ཨིནམ་ལས་ གཞུང་གིས་ དཀའ་ངལ་སེལ་ཐབས་ལུ་ གཡུས་ཚན་ནང་ སྒོ་ནོར་གསོ་སྐྱོང་ལས་འགུལ་ གཞི་བཙུགས་འབད་མི་དེ་གིས་ མི་སྡེ་ནང་ ཕན་ཐོགས་སྦོམ་བྱུང་དོ་ཡོདཔ་ཨིན་པས།


ཤིང་གཉེར་གཡུས་ཚན་གྱི་དོན་ལུ་ རྡོ་རྗེ་སྒྲ་སྡེ་ཟེར་མི་ ཇར་སི་རིགས་ཀྱི་ སྒོ་ནོར་གསོ་སྐྱོང་ཁང་ གཞི་བཙུགས་འབད་མི་དེ་གིས་ ཨོམ་གྱི་ཐོན་སྐྱེད་ འབོར་ཆེ་ཏོག་ཏོ་སྦེ་ བྱིན་དོ་ཡོདཔ་ལས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ གསོ་སྐྱོང་ཁང་གིས་ ཐོན་སྐྱེད་འབད་མི་ཨོམ་ཚུ་ མི་སྡེ་ནང་འཁོད་ལུ་ བཙོང་ཞིནམ་ལས་ འོང་འབབ་མ་དངུལ་བཟོ་མི་དེ་ མི་སྡེའི་རྩིས་ཁྲ་ནང་ བཙུགས་བཞགཔ་མ་ཚད་ སྐྱིན་འགྲུལ་ཡང་ བྱིན་དོ་ཡོདཔ་ལས་ མི་སེར་ཚུ་ ཀེ་བའི་སོན་ཉོ་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་དེ་ནང་ ད་ལྟོ་ ཇར་སི་བ་བསྡོམས་༡༠ ཡོད་མི་ལས་༤ ཨོམ་བཞོ་ནི་ཡོདཔ་ད་༡ བོའུ་ཅུང་འཚའ་ནི་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༠༤ ལུ་ གཡུས་ཚན་ནང་ ཇར་སི་བ་༨ གནང་སྟེ་ ལས་རིམ་འགོ་བཙུགས་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་དེ་ མི་སྡེ་ཚུ་གིས་ བདག་འཛིན་འཐབ་སྟེ་ རྒྱུན་སྐྱོང་འཐབ་ཐོག་ལས་ ཁེ་ཕན་ཡང་ ཁོང་རང་གིས་ སྤྱོད་དོ་ཡོདཔ་ཨིན་པས།
ཐོན་སྐྱེད་འབད་མི་ ཨོམ་ཚུ་ཡང་ མི་སེར་ཚུ་ སྐོར་རྒྱབ་ཐོག་ལས་ ཉོ་དགོ་དོ་ཡོདཔ་ད་ གོང་ཚད་ཀྱི་ཐད་ཁར་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༢༠ རེ་ཨིནམ་ལས་ ངེས་པར་དུ་ ཉོ་དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།
སྐྱེས་ལོ་༧༠ ལང་མི་ ཨ་རྒས་དོན་གྲུབ་ཀྱིས་ གསོ་སྐྱོང་ཁང་ལས་ ཨོམ་གྱི་ཐོན་སྐྱེད་ཐོབ་ཚུགསཔ་མ་ཚད་ ཏི་རུ་མེདཔ་ད་ མ་དངུལ་གྱི་རྒྱབ་སྐྱོང་ཡང་ གསོ་སྐྱོང་ཁང་ལས་ ཐོབ་ཚུགས་ནི་དེ་གིས་ སྟབས་བདེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨོམ་ཚུ་ རང་གི་སྐོར་རྒྱབ་ནང་ ག་དེམ་ཅིག་ཐོནམ་ཨིན་ན་ དེ་དང་འཁྲིལ་ཏེ་ རིན་དངུལ་ཡང་ སྤྲོད་དགོཔ་ཨིན་རུང་ ཤུལ་ལས་ ཏི་རུ་བགོ་བའི་སྐབས་ འདྲན་འདྲ་འབད་ར་ བགོ་དོ་ཟེར་ཨིན་པས།
དགེ་བགྲེས་ཚེ་རིང་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ར་ ནོར་གསོ་ནི་མེདཔ་ལས་ གསོ་སྐྱོང་ཁང་གིས་ ཐོན་སྐྱེད་འབད་མི་ཨོམ་ཚུ་ ཟླཝ་རེ་ནང་ ཚར་རེ་ཐོབ་སྟེ་འབད་རུང་ ཁོ་རའི་ ཨ་ལུ་ཚུ་ལུ་ བྱིན་ནི་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིནམ་ད་ ཀེ་བ་ཉོ་ནི་གི་ མ་དངུལ་ཡང་ དེ་ལས་ ཐོབ་ཚུགས་པས་ཟེར་ཨིན་པས།
ཨ་རྒས་དོན་གྲུབ་ཀྱིས་ ཨོམ་གྱི་རིན་སྤྲོད་མི་དེ་ ཁོང་མི་སེར་ཚུ་གི་ སྤྱི་བསྡོམས་རྩིས་ཁྲ་ནང་འགྱོཝ་ལས་ རང་གི་དོན་ལུ་ གྲོགས་རམ་འབད་དོ་བཟུམ་ཅིག་ ཨིན་མས་ཟེར་ སླབ་ཨིན་པས།
ཇར་སི་བ་ཚུ་ ཁྱིམ་གུང་༡ གིས་ ཟླཝ་རེ་སྐོར་རྒྱབ་འབད་ ལྟ་དོ་ཡོདཔ་ད་ གསོ་སྐྱོང་ཁང་གི་ཁྲི་འཛིན་དེ་ སྐོར་རྒྱབ་ཐོག་ལས་ ལོ་རེ་ འབད་དོ་ཡོདཔ་ཨིན་པས།
ད་ལྟོའི་ཁྲི་འཛིན་ འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཇར་སི་བ་ཚུ་འཚོ་ནི་དང་ ཨོམ་ལེན་ནིའི་དོན་ལུ་ དུས་ཚོད་དུམ་གྲ་རེ་ འགོར་དོ་ཡོདཔ་ཨིན་རུང་ ཤུགས་བཏོན་དགོ་པའི་ལཱ་ཅིག་ ག་ནི་ཡང་ འབད་དགོཔ་མི་ཐོན་པས་ཟེར་ཨིན་པས།
དཔལ་ལྡན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ ཇར་སི་བ་ཚུ་ བལྟ་ནིའི་དོན་ལུ་ དྲོ་པ་ཚར་ཅིག་ ཨོམ་བཞོ་སྟེ་ རཝ་རྐྱབ་ཡོད་མི་ ས་ཆ་ཨེ་ཀར་༦ ནང་ བཏང་བཞག་སྟེ་ ཕྱི་རུ་ལས་བརྒལ་ ནོར་སྐྱོར་བར་ འགྱོ་མི་དགོ་པས་ཟེར་ཨིན་པས།
གསོ་སྐྱོང་ཁང་དེ་ ཁྲི་འཛིན་དང་ རྩིས་འཛིན་པ་གིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment